ཟླ5པའི་ཚེས6ཉིན་ནས་བཟུང་རྒྱལ་ཡོངས་སུ་ལམ་གླ་བསྡུ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-30   རྩོམ་ཁུངས།    གངས་རླུང་།

        ཟླ4བའི་ཚེས28ཉིན། འགྲུམ་འགྲིལ་སྐྱེལ་འདྲེན་པུའུ་ཡིས་ལམ་གླ་བསྡུ་བའི་སྤྱི་བསྒྲགས་སྤེལ་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་བྱུང་བ་བརྒྱུད། 2020ལོའི་ཟླ5བའི་ཚེས6ཉིན་གྱི་དུས་ཚོད་ཀླད་ཀོར་ནས་བཟུང་། ཁྲིམས་ལྟར་ཆོག་མཆན་ཐོབ་པའི་གླ་བསྡུ་གཞུང་ལམ་གྱི་ལམ་གླ་བསྡུ་རྒྱུད་རེད།   (གླ་བསྡུའི་ཟམ་པ་དང་ཕུག་ལམ་ནང་ལ་གཏོགས། )

        དེ་དང་མཉམ་དུ། མུ་མཐུད་དུ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རིན་མེད་ཤར་བགྲོད་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་རེད།《རིན་བསྡུའི་གཞུང་ལམ་དོ་དམ་སྲོལ་ཡིག》དང་འབྲེལ་ཡོད་གཏན་འཁེལ་བྱས་པའི་དམག་སྤྱོད་རླངས་འཁོར(དྲག་པོའི་ཉེན་རྟོག་དཔུང་སྡེའི་རླངས་འཁོར་ཚུད་པ)དང་། སྤྱི་བདེ་ལས་ཁུངས་ཀྱི་ཁོངས་གཏོགས་ས་ཁུལ་གྱི་གླ་བསྡུ་གཞུང་ལམ་སྟེང་འགྲུམ་འགྲིལ་དོན་རྐྱེན་ཐག་གཅོད་བྱེད་པ་དང་།ཉིན་རྒྱུན་གྱི་ཉེན་ཟོན་སྐོར་ཞིབ་བྱེད་པའམ་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ཉེན་རྟོག་རླངས་འཁོར། བབ་བསྟུན་རོགས་སྐྱོབ་ཀྱི་ཆེད་སྤྱོད་ཨང་རྟགས་ཡོད་པའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་རླངས་འཁོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྲིམ་འགྲུལ་དོ་དམ་སྡེ་ཚན་དང་ཡང་ན་ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པའི་ཉེན་སྐྱོབ་གནོད་སེལ་གྱི་ལས་འགན་སྒྲུབ་མཁན་གྱི་རླངས་འཁོར། ཞིང་ལས་ཐོན་ཟོག་སོས་པ་སྐྱེལ་འདྲེན་བྱེད་མཁན་གྱི་རླངས་འཁོར་དང་ཁུལ་བརྒལ་ནས་ལས་ཀ་བྱེད་པར་བསྐྱོད་པའི་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་དང་མཉམ་ལས་བརྔ་བསྡུ་འཕྲུལ་འཁོར་སྐྱེལ་འདྲེན་(ལྗང་འཛུགས་འཕྲུལ་འཁོར་ཚུད་པ)བཅས་ཀྱིས་མུ་མཐུད་དུ་གྲོན་དངུལ་མི་བསྡུ་བའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག

        གཞན་ཡང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་སྐྱེལ་འདྲེན་རླངས་འཁོར་སྔོན་ལ་ཤར་གཏོང་ཐུབ་རྒྱུ་འགན་ལེན་བྱས་ཡོད་པ་རེད། གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་རིང་། མྱུར་བགྲོད་གཞུང་ལམ་གྱི་ལམ་གླ་བསྡུ་བའི་ས་ཚིགས་སུ་ཆེད་སྤྱོད་མྱུར་ལམ་བཀོད་སྒྲིག་བྱས་པ་དང་། ཡུལ་དངོས་སུ་སྒྲིག་ལམ་ལ་ཁྲིད་སྟོན་དང་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་འཕྲལ་སྡོམ་སྐྱེལ་འདྲེན་རླངས་འཁོར་སྔོན་ལ་ཤར་གཏོང་ཐུབ་རྒྱུ་འགན་ལེན་བྱས་ཡོད་པ་རེད།