རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཚོགས་འདུའི་དུས་ཚོད་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-30   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཚེས29ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་སྟེང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་དུས་ཀྱི་གཏན་འབེབས་ཐད་གྲོས་འཆམ་བྱུང་བ་རེད། གཏན་འབེབས་གཞིར་བཟུང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ2020ལོའི་ཟླ5ཚེས22ཉིན་པེ་ཅིང་དུ་འཚོག་རྒྱུ་རེད།

        སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་སོ་ལྔ་པ་པེ་ཅིང་དུ་འཚོགས་པ་དང་། ཚོགས་ཐོག་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཟླ5ཚེས21ཉིན་པེ་ཅིན་ནས་འཚོག་རྒྱུའི་གྲོས་འགོ་བཏོན་ཡོད།