འཇོལ་རྫོང་གིས་སློབ་གྲྭའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་ཚོད་འཛིན་ལས་ཀར་ཞིབ་བཤེར་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སློབ་གྲྭའི་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སློབ་གྲྭར་བསྐྱར་ཞུགས་བྱ་རྒྱུ་འགན་ལེན་བྱ་ཆེད། འཇོལ་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུས་བཀོད་འདོམས་དཔོན་གྱིས་ཙུའུ་ཀྲང་བྱས་པ་དང་རྫོང་སྲིད་གཞུང་གི་ལས་བགོས་འགན་འཁུར་བ་དང་ རྫོང་སློབ་གསོ་ལུས་རྩལ་ཅུས།འཕྲོད་བསྟེན་བདེ་ཐང་ཅུས་བཅས་དང་དེ་བཞིན་ནད་ཡམས་ཚོད་འཛིན་ལྟེ་གནས། བཀོད་འདོམས་པུའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་བཅས་ལས་གྲུབ་པའི་ལས་དོན་ཚོགས་ཆུང་རྩ་འཛུགས་བྱས་ནས་སྔ་རྗེས་སུ་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ་བསྐྱོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་བྱས།    

    མཛུབ་ཁྲིད་ཚོགས་ཆུང་གིས་འཕྲལ་སྡོམ་ནང་སྦྱོང་དང་ཚུར་ལན་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་སློབ་གྲྭ་ཁག་ལ་སློབ་འགོ་ཚུགས་རྗེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྔར་བས་ཞིབ་ཚགས་སུ་གཏོང་རོགས་བྱས་ནས་དགེ་སློབ་ཀྱི་འཕྲལ་སྡོམ་ཐག་གཅོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད། སློབ་སྟོན་ཚོ་ཆུང་གིས་སློབ་གྲྭ་ཁག་གིས་གྲ་སྒྲིག་མེད་པའི་དམག་འཐབ་རྒྱག་མི་རུང་བར། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུའི་སྐོར་གྱི་“གཅིག་བརྒྱད་”དང་“སྔ་དྲོ་བཞིའི་”བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། མི་རེ་རེས་ཁེར་རྐྱང་གི་བདེ་ཐང་ཡིག་ཚགས་བཟོ་བ་དང་ཁ་རས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པ། ལྟ་ཞིབ་ཁང་འཛུགས་པ། ཚ་བ་རྒྱས་པ་ཤེས་ཚེ་སྨན་བཅོས་སྒྲིག་གཞི་འཛུགས་པ། བདེ་ཐང་སློབ་གསོ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐུགས་ཁུར་ཐེངས་གཅིག་བྱེད་པ་བཅས་བྱས་ཏེ་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་འཇོག་པ།སྔ་ཙམ་སྨན་བཅོས་ཐུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    མིག་སྔར།འཇོལ་རྫོང་གི་སློབ་གྲྭ་སོ་སོས་ཧུར་ཐག་སྒོས་སློབ་གྲྭར་བསྐྱར་ཞུགས་མ་བྱས་གོང་གི་གྲ་སྒྲིག་ལས་དོན་ཁག་བསྒྲུབས་ནས་སློབ་གྲྭའི་ག་ས་གང་དུ་དུག་སེལ་དང་གཙང་སྦྲ་བྱས་པ་རེད།འཇོལ་རྫོང་སློབ་འབྲིང་གིས་སློབ་འགོ་ཚུགས་པའི་དམའ་རིམ་སློབ་འབྲིང་གསུམ་པའི་སློབ་མ་དང་སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་ལས་བཟོ་བར་བཀག་སྡོམ་དོ་དམ་བྱས་ཡོད་པ་རེད།