སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སློབ་གྲྭར་བསྐྱར་ཞུགས་ཀྱི་འགག་སྒོ་དང་པོ་ཡག་པོ་སྲུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་རྒྱལ་ཐང་གྲོང་རྡལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྲོང་ཁུལ་གྱི་སློབ་ཆུང་ཁག་ཏུ་བསྐྱོད་དེ་སློབ་འགོ་ཚུགས་པའི་སློབ་ཁྲིད་སླར་གསོའི་གྲ་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་སློབ་གྲྭ་ཁག་གི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཏན་ཏིག་དང་ཞིབ་ཚགས་ཡོང་བའི་འགན་ལེན་བྱས་ནས་སློབ་མའི་བདེ་འཇགས་ཀྱི“འགག་སྒོ་དང་པོ”ཡག་པོ་སྲུང་ཡོད། 

    ལྟ་སྐུལ་སློབ་སྟོན་ཚོ་ཆུང་གིས་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་། ཟ་ཁང་། ཉལ་ཁང་། སྨན་དོན་ཁང་། གསང་སྤྱོད་ཁང་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། སློབ་མའི་ངལ་གསོའི་བཀོད་སྒྲིག་དང་། ཁུལ་དབྱེ་ནས་ཟ་མ་ཟ་བ་སོགས་ཀྱི་བྱ་ཐབས་གཏན་འབེབས་བྱས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། སློབ་གྲྭའི་འགྲོ་འོང་བགྲོད་ལམ་གྱི་དུག་སེལ་ས་ཚིགས་བཀོད་སྒྲིག་དང་། ལུས་དྲོད་ཞིབ་དཔྱད། འགོག་སྲུང་དངོས་ཟོག་གྲ་སྒྲིག་སོགས་འགན་ལེན་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཚུལ་དང་དེ་བཞིན་གནས་པའི་གནད་དོན་ལ་གཟིགས་པ་མ་ཟད། ཡུལ་དངོས་སུ་སློབ་གྲྭའི་འགོ་ཁྲིད་ལ་ཤེས་རྟོགས་བྱུང་བའི་གནད་དོན་ཚུར་ལན་སྤྲད་དེ་བཅོས་སྒྲིག་ཇུས་གཞི་བཏོན་པ་རེད། དུས་མཚུངས་སུ། སློབ་གྲྭའི་ཕྱོགས་ལ་གཞོགས་འདེགས་བྱས་ནས་སློབ་གྲྭའི་དགེ་རྒན་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་བྱས་པ་རེད། 

    ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་སློབ་ཁྲིད་སླར་གསོ་མ་བྱས་གོང་སློབ་གྲྭས་སྐད་འཕྲིན་དང་། ཁ་པར། དྲ་རྒྱ་སོགས་ལས་སྟེགས་སྤྱད་དེ་སློབ་མའི་འགྲོ་འདུག་དང་བདེ་ཐང་གི་གནས་ཚུལ་མུ་མཐུད་ཁོང་དུ་ཆུད་པ་བྱེད་དགོས་པ་དང་།

ལྷག་པར་དུ་ས་ཁོངས་ཕྱིའི་སློབ་མའི་གུང་གསེང་གི་འགྲོ་འདུག་དང་བདེ་ཐང་གི་གནས་ཚུལ་ལ་གཞིགས་ནས་སློབ་མའི་གནས་སྡོད་ལོ་རྒྱུས་ཁོང་དུ་ཆུད་པ་དང་སློབ་མའི་ཡིག་ཚགས་རྩིས་ཐོ་བཟོས་ཏེ་ཁྱབ་ཁོངས་ཆ་ཚང་བ་དང་། གཞི་གྲངས་གསལ་བ།  གནས་ཚུལ་གསལ་པོ་བཅས་ཡོང་བ་བྱེད་དགོས་པ་རེད། སློབ་ཁྲིད་སླར་གསོ་བྱས་རྗེས། སློབ་མའི་དོ་དམ་ལ་ཤུགས་སྣོན་དགོས་པ་དང་། སློབ་མའི་སློབ་གསེང་གི་འདུ་འཛོམས་ལ་བཀག་འགོག་བྱས་ཏེ། སློབ་ཁང་དང་སྤྱོད་ཁང་སོགས་ཀྱི་དུག་སེལ་བྱ་བ་ལེགས་པར་བསྒྲུབ་ནས། ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་། མཉམ་འགོག་མཉམ་འཛིན། སློབ་གྲྭ་རེར་ཐབས་ཇུས་རེ་འདོན་པ་བཅས་བྱས་ཏེ་སློབ་གྲྭའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དོ་དམ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སློབ་ཁྲིད་སླར་གསོ་བྱས་རྗེས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།