ཐོན་ལས་ཀྱི་ལམ་བུ་གསར་པ་བཏོད་ནས་རི་གྲོང་དུ་རྣམ་པ་གསར་པ་འཆར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་ཞིན་ལེན་གྲོང་ཚོར་དེ་སྔ་བེ་ཤ་དང་དབྱར་རྩྭ་དགུན་འབུ་ནི་གྲོང་མི་ཡོངས་ཀྱི་ཡོང་འབབ་གཙོ་བོ་ཡིན་པ་དང་། རྐྱང་པའི་སོ་ནམ་བྱེད་སྟངས་ལས་གྲོང་མི་རྣམས་དུས་ཡུན་རིང་པོའི་ནང་རང་མཁོ་རང་འདང་གི་གནས་སུ་གྱར་བ། སྲོལ་རྒྱུན་གྱི་འདེབས་གསོའི་བྱེད་སྟངས་ལས་གྲོང་ཚོ་ཡོངས་ཀྱི་འཕེལ་རྒྱས་འཕེལ་མེད་སོར་གནས་སུ་ལུས་ཡོད་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བའི་ཚུན་དུ། ཞིན་ལེན་གྲོང་ཚོས་ཡུལ་བབ་དང་བསྟུན་ནས། རྒྱུན་ཆད་མེད་པར་སྣ་མང་ཅན་གྱི་དམངས་ཕྱུག་ཐོན་ལས་འཚོལ་ཞིབ་དང་། ཚོད་ལྟ། གསར་སྒྱུར། འཕེལ་རྒྱས་བཅས་བྱས་པ་དང་། རིམ་སྤོར་སྒྱུར་བཀོད་བྱེད་པའི་རིང་གཏེར་མ་རོང་གི་བོད་བྱ་དང་། ཀུ་ཀུ་ཤ་མོ། ལི་གྲོ་སོགས་ཐོན་ལས་ཞིན་ལེན་གྲོང་ཚོར་རྩ་བ་ཚུགས་ནས་འཚར་ལོངས་བྱུང་བ་དང་།    འདེབས་གསོ་ཟུང་འབྲེལ་དང་དུས་ཡུན་འབྲིང་ཐུང་གི་ཐོན་ལས་མཉམ་དུ་འཕེལ་རྒྱས་གཏོང་བའི་བཀོད་པ་ལས་ད་ཆའི་ཞིན་ལེན་གྲོང་ཚོར་སྐྱེ་སྟོབས་དང་བཀྲག་མདངས་གསར་པ་སྦྱིན་ཡོད།

    2014ལོ་ནས་བཟུང་། སེ་ཆུས་འདེབས་འཛུགས་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ས་གནས་དེ་གའི་ཁྱད་ལྡན་གཏེར་མ་རོང་བོད་བྱའི་རིགས་རྒྱུད་ཐོན་ཁུངས་ལ་བརྟག་དཔྱད་གཏིང་ཟབ་དང་ཚོད་ལྟ་བྱས་པ་དང་འབྲེལ་གཏེར་མ་རོང་བོད་བྱའི་རྒྱུད་གཙང་གསོ་སྤེལ་དང་གསོ་སྤེལ་རྟེན་གཞི། གཟན་ཆས་འདེབས་འཛུགས་རྟེན་གཞི་དང་གཟན་ཆས་ལས་སྣོན་བཟོ་གྲྭ་བཙུགས་པ་རེད། མཉམ་ལས་ཁང་གིས་ཀྲི་པུའུ་དང་། ཀུང་སི། རྟེན་གཞི། དུད་ཚང་དབུལ་པོ་བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་གཅིག་གྱུར་མྱུག་འདེབས་དང་། གཅིག་གྱུར་དོ་དམ། གཅིག་གྱུར་ཞིབ་དཔྱད། གཅིག་གྱུར་སྤུས་རྟགས། གཅིག་གྱུར་བྲིན་ཚོང་། གཅིག་གྱུར་གསོ་སྦྱོང་། དེ་བཞིན་རིན་མེད་ལག་རྩལ་ཞབས་ཞུ་བཅས་དོ་དམ་ལམ་སྲོལ་དྲུག་གཞིར་བཟུང་། ཞིང་དུད་ལ་རིན་མེད་ངང་བྱ་རིགས་མཁོ་འདོན་དང་། སྒོ་རྩར་ཞབས་འདེགས་ཞུ་བ། ལག་རྩལ་རྒྱབ་སྐྱོར་བཅས་བྱས་པ་མ་ཟད། ཞིང་དུད་ཀྱི་བྲིན་ཚོང་རང་མོས་སྲིད་ཇུས་བཟོས་ཏེ་ཞིང་དུད་ཁྲོམ་རར་རང་མོས་ངང་བཙོངས་པའམ་ཡང་ན་རིན་གོང་དམའ་ཤོས་ཀྱི་ཐོག་ནས་ཚུར་བསྡུ་ཆོག་པར་བྱས་པས་ཞིང་དུད་ལ་འབྱུང་འགྱུར་གྱི་སེམས་ཁྲལ་བསལ་ཡོད། མིག་སྔར། བོད་བྱའི་ཐོན་ལས་དེ་གྲོང་ཚོ་ཡོངས་ཀྱི་གྲོང་མིའི་ཚོགས་ཆུང་11གི་ཞིང་དུད་204ལ་ཁྱབ་ནས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་6000བྱུང་ཡོད།

    2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕའེ་ལོའུ་ཀོང་བདག་ཏུ་མ་བཟུང་བའི་ཤ་མོ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཏང་ཀྲི་པུའུ་དང་། ཀུང་སི། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་ལ་བརྟེན་ནས་ཞིན་ལེན་གྲོང་ཚོར་ཀུ་ཀུ་ཤ་མོ་འདེབས་འཛུགས་ཁྱབ་གདལ་བཏང་བ་རེད། 2019ལོར་གྲོང་ཚོ་ཡོངས་སུ་ཁྱོན་ཀུ་ཀུ་ཤ་མོ་མུའུ་276འདེབས་འཛུགས་བྱས་པ་དང་ཞིང་དུད་99ལ་སྐུལ་ཁྲིད་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་13ཡོད་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་གཅིག་ནས་ཁྲི་གཉིས་བར་བྱུང་ཡོད།

    2017ལོ་ནས་བཟུང་། ཞིན་ལེན་གྲོང་ཚོ་དབང་དར་འདེབས་འཛུགས་གསོ་ཚགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་གྲོང་ཚོ་ཡོངས་སུ་ལི་གྲོ་མུའུ་140ལྷག་ཙམ་ཁྱབ་གདལ་འདེབས་འཛུགས་བྱས་པ་དང་། རེས་འདེབས་ཀྱི་རྣམ་པ་བརྒྱུད་ས་ཞིང་བེད་སྤྱོད་གང་ལེགས་བྱས་ཏེ་ཞིང་དུད་117ལ་སྐུལ་ཁྲིད་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་9ཡོད་པ་དང་མུའུ་རེར་ཡོང་འབབ་སྒོར་2400ལྷག་ཙམ་བྱུང་ཡོད།     ཞིན་ལེན་གྲོང་ཚོས་ལྗང་མདོག་འཕེལ་རྒྱས་སྟོན་ཕྱོགས་སུ་བྱས་པ་དང་ སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱས་ནས་རང་བྱུང་ཆ་རྐྱེན་དང་འདེབས་འཛུགས་གསོ་ཚགས་ཀྱི་གོམས་གཤིས་ལ་གཞིགས་ཏེ། ཡུལ་བབ་དང་བསྟུན་ནས་ས་གནས་དེ་གའི་རྒྱུན་མཐུད་འཕེལ་རྒྱས་དང་འཚམ་པའི་ཐོན་ལས་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད། བོད་བྱ་དང་ཀུ་ཀུ་ཤ་མོ། ལི་གྲོ་སོགས་ད་ལྟ་ཐོན་ལས་ཀྱི་རྣམ་པ་གསར་པས་གྲོང་མི་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་ལམ་རྟགས་བཏོད་པ་མ་ཟད། རི་གྲོང་ལ་རྣམ་པ་གསར་པ་ཞིག་ཀྱང་བཏོད་ཡོད།