རང་ཁུལ་གྱིས་ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་དང་ཞིབ་བཤེར་བྱེད་པའི་ཆེད་དམིགས་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།4.26ཤེས་བྱའི་ཐོན་དབང་དྲིལ་བསྒྲགས་གཟའ་འཁོར་རིང་བདེ་ཆེན་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སོགས་སྡེ་ཁག་དང་མཉམ་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྨན་རྫས་གཉེར་སྐྱོང་ཀུང་སི་ཆེ་གྲས་ཁག་ཏུ་དྲིལ་བསྒྲགས་དང་ཁྲིམས་འཛིན་ཞིབ་བཤེར་བྱེད་པར་བསྐྱོད་པ་རེད། 

    ཐེངས་འདིར་དྲིལ་བསྒྲགས་ཞིབ་བཤེར་བྱེད་སྐབས་གཙོ་བོ་4.26ཤེས་བྱའི་ཐོན་དབང་དྲིལ་བསྒྲགས་གཟའ་འཁོར་རིང་གྲོང་ཁུལ་ནང་གི་སྨན་ཚོང་ཁང་ཚང་མར་ཁེ་བེད་བདག་ཐོབ་ཀྱི་མཚོན་རྟགས་ཚད་ལྡན་མིན་པའི་སྨན་རྫས་ཕྱིར་ཚོང་བྱེད་པའི་བྱ་སྤྱོད་ཡོད་པར་དམིགས་པ་དང་ཁྲིམས་འཛིན་མི་སྣ་12བཏང་ཡོད་པ་རེད། དྲིལ་བསྒྲགས་དང་ཞིབ་བཤེར་བྱེད་རིང་ཁྲིམས་འཛིན་མི་སྣས་ཁེ་ལས་ཀྱི་འགན་འཁུར་བར་ཚོང་རྟགས་དང་དེ་བཞིན་ཁེ་བེད་བདག་ཐོབ་ཀྱི་མཚོན་རྟགས་སྤྱོད་པའི་ཚད་གཞི་ངོ་སྤྲོད་བྱས་པ་དང་འབྲེལ་ཁེ་ལས་ལ་འབྲེལ་ཡོད་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་རེད། ས་གནས་ཀྱི་ཁེ་ལས་ཀྱིས་ཚོང་རྟགས་དང་ཆེད་ཁེ་ཐོབ་རེ་ཞུ་བ་དང་རང་བདག་གི་ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་པར་བསྔགས་སྐུལ་བྱས། 

    ཐེངས་འདིའི་ཞིབ་བཤེར་བྱས་པ་བརྒྱུད་ཁེ་ལས་ཁག་གིས་ཚོང་རྟགས་དང་ཁེ་བེད་བདག་ཐོབ་མཚོན་རྟགས་སྤྱོད་ཚད་སྔར་བས་ཤེས་རྟོགས་བྱུང་བས།རང་ཁུལ་གྱི་ཚོང་རྟགས་སྤུས་རྟགས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། རང་ཁུལ་གྱི་ཤེས་བྱའི་བདག་དབང་ཁྲོམ་རའི་བྱ་སྤྱོད་ཚད་ལྡན་དུ་བཏང་བ། སྤུས་རྟགས་ཀྱི་མཚན་སྙན་མཐོ་རུ་བཏང་བ་བཅས་ཀྱི་ཐོག་ནས་རང་འགུལ་ངང་ཚོང་རྟགས་སྤུས་རྟགས་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་ཁུལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།