བདེ་ཆེན་གྱི་སྣོད་བཅུད་བཟང་པོས་ཡུལ་སྐོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉེ་བའི་ལོ་ཤས་རིང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་རྣམ་འགྱུར་གསར་པ་དང་བྱ་སྤྱོད་གསར་པའི་ཐོག་ནས་འགྲན་སློང་གསར་པ་བསུ་བ་དང་གནད་དོན་གསར་པ་ཐག་གཅོད་བྱས་ཏེ་རིག་གནས་ཡུལ་སྐོར་སྣོད་བཅུད་ཤེས་དཔལ་གྱི་དུས་རབས་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ནས།ནམ་མཁའ་དེ་བས་སྔོ་བ་དང་། ཆུ་དེ་བས་དྭངས་པ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བ་བྱས་ནས་སྤུས་ཚད་མཐོ་བའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་རེད།

    དུད་ཚང་དུ་དྲོ་སྐྱིད་སྦྱིན་པའི་ལས་གཞི་ལག་བསྟར་གཏིང་ཟབ་བྱས་པ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་དྲོད་རླངས་མཁོ་འདོན་རྣམ་གྲངས་ལེགས་འགྲུབ་བྱུང་བར་བརྩོན་ལེན་བྱེད་རྒྱུ་དང་། འཇོལ་རྫོང་མཁར་གྱི་དྲོད་རླངས་མཁོ་འདོན་རྣམ་གྲངས་སྐྲུན་འགོ་འཛུགས་རྒྱུ། འབའ་ལུང་རྫོང་མཁར་དང་ས་བབ་མཐོ་བའི་ཤང་གྲོང་གི་དྲོད་རླངས་མཁོ་འདོན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཏན་ཏིག་བསྒྲུབས་པ། དོན་དངོས་ཀྱིས་བཟོ་སྐྲུན་གྱི་ཚབ་བྱེད་རྒྱུ་ཆ་གསར་པ་ཁྱབ་གདལ་གཏོང་བ། བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྲོལ་རྒྱུན་སྡོད་ཁང་གི་རྒྱུ་ཆ་མང་ཆེ་བ་ཤིང་ཆ་གཙོ་བོར་བྱས་པ་རེད། བདེ་ཆེན་གྱི་རི་སྔོ་ཆུ་དྭངས་ཡོང་བ་བྱ་ཆེད། བདེ་ཆེན་ཁུལ་གྱིས་ནགས་ཚལ་ཐོན་ཁུངས་ཀྱི་ཟད་གྲོན་ཚད་ཚོད་འཛིན་ནན་པོ་བྱས་ཏེ་འཛུགས་སྐྲུན་རྒྱུ་ཆ་གསར་པས་སྲོལ་རྒྱུན་གྱི་ཤིང་ཆའི་ཚབ་བྱས་ནས་ཁང་པ་སྐྲུན་རྒྱུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་། མང་ཚོགས་རང་གིས་ཁང་པ་སྐྲུན་པར་ངར་ལྕགས་རྒྱུ་ཆ་དང་། རྡོ་རྒྱུ། ཤིང་ཚིལ་རྫ་གཡམ་སོགས་ཁོར་ཡུག་སྲུང་སྐྱོང་རྒྱུ་ཆ་གསར་པ་སྤྱད་ནས་སྡོད་ཁང་སྐྲུན་རྒྱུར་སྐུལ་ལྕག་དང་དར་སྤེལ་བཏང་། ནགས་ལས་སྡེ་ཁག་གིས་བྱ་ཐབས་ནུས་ལྡན་སྤྱད་དེ་ཁང་པ་སྐྲུན་པའི་ཤིང་ཆའི་གྲངས་འབོར་ཚོད་འཛིན་ཡག་པོ་བྱས་པ་རེད། 

   ནུས་ཤུགས་ཡོད་རྒུས་ཤིང་འཛུགས་ནགས་བཟོའི་འདུ་འགོད་ལག་བསྟར་བྱས་པ། བདེ་ཆེན་གྱིས་སྔོ་འགྱུར་ནགས་བཟོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཤིང་འཛུགས་ནགས་བཟོའི་ལོ་ལྔའི་བྱ་འགུལ་འཆར་གཞི་ལག་བསྟར་ནན་པོ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེད་ཚལ་སྔོ་འགྱུར་དང་འགྲིམ་འགྲུལ་ལམ་རྒྱུད་ཀྱི་སྔོ་འགྱུར་ལས་དོན་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས། ལོ་འདིའི་ནང་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་250བྱས་པ་དང་གྲོང་ཁྱེར་གྱི་སྔོ་ལྗང་རྒྱ་ཁྱོན་སྤྱི་ཆིང་500གསར་སྣོན་ཐུབ་པའི་འགན་ལེན་བྱས་པ་རེད། དུས་མཚུངས་སུ། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། སྣོད་བཅུད་ཕན་འབྲས་ཁ་གསབ། ལས་གྲྭའི་ནགས་བཟོ་སོགས་སྣོད་བཅུད་འདུ་འགོད་ལག་བསྟར་ནན་ཏན་བྱས་ཏེ་ནགས་བཟོ་མུའུ་ཁྲི་5ལེགས་འགྲུབ་བྱུང་བ་རེད། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་པ། ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྣོད་བཅུད་སླར་གསོའི་ལས་གྲྭ་འཛུགས་སྐྲུན་ལག་བསྟར་བྱ་རྒྱུར་བརྩོན་ལེན་བྱེད་པ་དང་ནགས་ཕག་མཚོའི་ཆུ་འབུད་གནད་དོན་ལ་སྐུལ་འདེད་གཏོང་བ།  རང་བྱུང་སྲུང་སྐྱོང་ཁུལ་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་ཁུལ། ནགས་ཚལ། འདམ་ར་སོགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་ཟམ་མི་ཆད་པར་མཐོ་རུ་བཏང་། ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ། གད་སྙིགས་དང་། གསང་སྤྱོད། བཙོག་ཆུ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱ་དགོས། གྲོང་ཚོ་སྔོ་ལྗང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་རྡལ་དང་། མཛེས་སྡུག་ལྡན་པའི་གྲོང་ཚོ། མཛེས་སྡུག་ལྡན་པའི་ཁྱིམ་ཚང་བཅས་ཁག་ཅིག་སྐྲུན་པ། གྲོང་གསེབ་ཀྱི་གཞུང་ལམ་མཐོར་གཏོང་ལས་གྲྭ་ལག་བསྟར་བྱས་པ་དང་། ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་གཞུང་ལམ་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་མཛེས་ལྗོངས་སུ་འགྱུར་བར་བྱེད་དགོས།