ཁུལ་ཡོངས་ཀྱི་དངུལ་རྩའི་ལས་དོན་བཞུགས་མོལ་ཚོཊ་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ4པའི་ཚེས23ཉིན་གྱི་ཕྱི་དྲོར། 2020ལོའི་ཁུལ་ཡོངས་ཀྱི་དངུལ་རྩའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ནན་ཏན་སྒོས་རྒྱལ་ཡོངས་དང་ཞིང་ཆེན། ཁུལ་ཡོངས་བཅས་ཀྱི་མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་འབྲེལ། ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་གོ་སྐབས་དམ་འཛིན་བྱས་ནས་དངུལ་རྩའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དངུལ་རྩའི་འདེགས་སྐྱོར་དང་འགན་ལེན་ཤུགས་ཆེན་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་མཆོང་བརྒལ་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཞེས་བསྟན་པ།

    ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲིས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    ཝང་དབྱི་ཀྲིས་གསུང་བཤད་གནང་སྐབས་2019ལོའི་ཁུལ་ཡོངས་ཀྱི་དངུལ་རྩའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ན་ནིང་ཁུལ་ཡོངས་ཀྱི་དངུལ་རྩའི་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ཕན་འབྲས་ཆེན་པོ་ཐོན་པ། ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་པ། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་དང་དངུལ་བུན་བརྟན་པོའི་ཁྲོད་འཕར་བ། ལྷག་པར་དུ་དངུལ་བུན་ཁག་གི་སྤྱི་འབོར་འཕར་བ་དང་། འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད་པ་དང་། དངུལ་རྩའི་ལས་རིགས་ཀྱིས་ཁུལ་ཡོངས་ཀྱི་GDPནང་བཟུང་བའི་བསྡུར་ཚད་5.2%བར་མཐོ་རུ་ཕྱིན་པ། དངུལ་རྩའི་ལས་རིགས་ཀྱིས་ཁུལ་ཡོངས་ཀྱི་འགག་སྒྲོལ་གྱི་ཤིན་ཏུ་དབུལ་པོའི་གནས་སུ་གྱར་བ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད་ཅེས་གསུང་བ་རེད། 

    ཝང་དབྱི་ཀྲིས་ཁུལ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་གཅིག་ནས་མིག་སྔའི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་སྤྱད་དེ་གཟིགས་སྐྱོང་སྲིད་ཇུས་དངོས་བཏོན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་ཚུགས། ཐོན་སྐྱེད་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། གཉིས་ནས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དུས་ཚོད་དམ་འཛིན་གྱིས་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་འཕེལ་རིམ་ལ་སྔར་བས་དམ་འཛིན་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། གསུམ་ནས་དམངས་གཉེར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་རིན་གོང་མཐོ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་ས་གནས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཤིན་ཏུ་དབུལ་བའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་ཞེས་པའི་རེ་བ་བཏོན་པ་རེད།