ཝང་དབྱི་ཀྲིས་ཞོ་རྡོ་སྒང་ཆུ་བོར་སྐོར་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཟླ4པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཡོངས་ཀྱི་སྤྱིའི་ཆུ་དཔོན་དང་ཞོ་རྡོ་སྒང་ཆུ་བོའི་ཁུལ་རིམ་པའི་ཆུ་དཔོན་ཝང་དབྱི་ཀྲིས་ཞོ་རྡོ་སྒང་ཆུ་བོར་སྐོར་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་བཞིའི་ཆུ་དཔོན་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་གྱིས་དོན་འཁྱོལ་བྱེད་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་པ། རིམ་པ་སྟར་ཆགས་ཀྱིས་འགན་འཁྲི་ནན་དུ་གཏོང་བ་དང་རིམ་པ་སྟར་ཆགས་ཀྱིས་དོན་འཁྱོལ་དམ་འཛིན་བཅས་བྱས་ནས། ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པ་ནས་ཕྱོགས་ཡོངས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་ཆུ་བོར་སྲུང་སྐྱོང་ཡག་པོ་དང་། དོ་དམ་ཡག་པོ། བཅོས་སྐྱོང་ཡག་པོ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

    ཝང་དབྱི་ཀྲིས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྡེ་ཁག་སོ་སོས་གོམ་གང་མདུན་སྤོས་ཀྱིས་ཆུ་དཔོན་ལམ་ལུགས་དོན་འཁྱོལ་བྱེད་པའི་འགན་འཁྲི་འཁུར་སེམས་དང་མཁོ་གནད་ཆེ་བའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་འཛུགས་པ་དང་ལག་ལེན་བསྟར་བ།  རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་གྱིས་ལག་ལེན་བསྟར་བ་དང་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་ཞེས་བསྟན་པ་རེད།

    ཝང་དབྱི་ཀྲིས་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་གཙང་པོ་དང་མཚེའུ། མཚོ་འགྲམ། བར་མཐོངས་བཅས་ཀྱི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མཚོ་རྒྱུད་ཀྱི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ངང་བེད་སྤྱོད་ཐུབ་པ་བྱེད་དགོས། འགན་འཁྲི་ཁ་གསལ་བཟོ་བ་དང་སྐོར་ཞིབ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་གཙང་པོ་དང་མཚེའུ་ཡི་རྒྱུན་གཏན་སྐོར་ཞིབ་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་པ་དང་། ཆུ་ལམ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ངོགས་ཀྱི་གད་སྙིགས་གཙང་སེལ་ལ་ཤུགས་སྣོན་རྒྱག་པ། ཆུ་ལམ་གཞོགས་གཉིས་ཀྱི་སྔོ་འགྱུར་ཡག་པོ་བྱེད་པ། ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱེད་དགོས་པ་མ་ཟད། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་ཞེས་ནན་གྱིས་བསྟན། 

    སྟག་མཆོང་གྲོག་རོང་གྲོང་རྡལ་ཞོ་རྡོ་སྒང་ཆུ་བོའི་འབྲི་ཆུའི་ཆུ་ཁ་ནས་བྱེ་མ་འདོན་སར་དག་ཐེར་བྱེད་པའི་གནད་དོན་ལ་དམིགས་ནས། ཝང་དབྱི་ཀྲིས་གྲོང་ཁྱེར་དང་གྲོང་རྡལ་རིམ་པ་གཉིས་ཀྱིས་གོང་རིམ་གྱི་དག་ཐེར་བླང་བྱ་ལྟར་དུས་ཚོད་ཀྱི་མཚམས་ཚིགས་གཞིར་བཟུང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དག་ཐེར་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་དག་ཐེར་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་ལ། ཁུལ་ཆུ་དོན་སྡེ་ཁག་དང་ཁུལ་ཆུ་དཔོན་གཞུང་དོན་ཁང་གིས་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཁུལ་དང་གྲོང་ཁྱེར་སྒྲིག་ཨུས་རྗེས་སྙེག་སྐུལ་སྒྲུབ་ལ་ཤུགས་སྣོན་བརྒྱབ་ནས་གནད་དོན་བཅོས་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས། ཁུལ་དང་གྲོང་ཁྱེར་གྱི་ཆུ་དོན་དང་། སྡོད་ཁང་འཛུགས་སྐྲུན།  སྐྱེ་ཁམས་ཁོར་ཡུག འགྲིམ་འགྲུལ་སོགས་སྡེ་ཁག་གིས་ད་ལོའི་འབྲུབ་དུས་མ་སླེབས་གོང་ཆེད་དོན་ཞིབ་བཤེར་དང་སྐོར་ཞིབ་ཡག་པོ་བྱས་ནས་འབྲུབ་དུས་ལས་སྒྲོལ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།