སེམས་ཀྱི་ཉི་ཟླའི་ལྕགས་ལམ་འབབ་ཚུགས་སང་ལོར་སྐྲུན་ཚར་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་སེམས་ཀྱི་ཉི་ཟླའི་འབབ་ཚུགས་ནི་རྣམ་གྲངས་སྤྱིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མིག་སྔར་འབབ་ཚུགས་དེའི་འཛུགས་སྐྲུན་ཁག་བདེ་བླག་ངང་སྐུལ་འདེད་གཏོང་བཞིན་ཡོད་པས།སང་ལོའི་ཟླ7པར་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་རེ་ཡོད།

        སེམས་ཀྱི་ཉི་ཟླའི་ལྕགས་ལམ་འབབ་ཚུགས་ནི་ཐིག་ཟུར་འོག་གི་འབབ་ཚུགས་ཤིག་ཡིན་ལ། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་10000ཟིན་པ་དང་འཛུགས་སྐྲུན་གྱི་མཐོ་ཚད་སྨི་22ཟིན་པ་རེད། དཀྱིལ་དུ་རླངས་འཁོར་སྒུག་སའི་ཚོམས་ཆེན་ཡིན་པ་དང་མང་ཤོས་སུ་མི་2000ཤོང་ཐུབ། གཡོན་ཕྱོགས་སུ་སྤ་སེ་འཚོང་ས་དང་། གཞུང་ལས་ཁང་། སྒྲིག་ཆས་ཁང་པ་བཅས་ཡིན་པ་དང་། གཡས་ཕྱོགས་སུ་འབབ་ཚུགས་ནས་ཐོན་སའི་ཚོམས་ཆེན་དང་འགྲུལ་ཆས། རྡོག་ཁྲེས་ལེན་ས། ཉེ་འཁོར་དུ་ཐོན་སྐྱེད་དང་འཚོ་བའི་ཁང་པ་23ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་12367ཟིན་པ་རེད།

        2019ལོའི་ཟླ་7པའི་ཚེས་22ཉིན་ནས་བཟུང་། ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ས་ཚིགས་ཀྱི་ལས་གྲྭའི་རྣམ་གྲངས་པུའུ་ཡིས་ཡུལ་དངོས་སུ་བརྟག་ཞིབ་ལས་དོན་སྒྲིག་འཛུགས་ཧུར་ཐག་བྱས་ནས་ས་གནས་དེ་གའི་མི་དང་རྒྱུ་ཆ། འཕྲུལ་འཁོར་བཅས་ཀྱི་ཨར་ལས་རྒྱུ་རྐྱེན་གཙོ་བོ་དང་། ས་ཚིགས་ཀྱི་རྒྱབ་མདུན་གཉིས་ཀྱི་མཐུད་ཁའི་གནད་དོན་སོགས་ལ་བརྟག་ཞིབ་གཏིང་ཟབ་དང་ཞིབ་བསྡུར་དབྱེ་ཞིབ་བྱས་པ་མ་ཟད། ས་ཚིགས་ཁག་གི་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་དང་། མཐའ་འཁོར་གྱི་ཁོར་ཡུག  ས་གནས་ཀྱི་གནམ་གཤིས་སོགས་ཀྱི་ཆ་འཕྲིན་ཤེས་རྟོགས་དང་རྒྱུས་ལོན་བྱས་པ་དང་། ཧུར་ཐག་དང་རང་འགུལ་ངང་བཀོད་འདོམས་པུས་ཐོན་སྐྱེད་དང་འཚོ་བའི་ཞོར་གཏོགས་སྡོད་ཁང་གཞི་གཅིག་ཅན་གྱི་ལེགས་སྒྲིག་ཇུས་གཞིར་སྐུལ་འདེད་གཏོང་བ་དང་། རང་འགུལ་ངང་གཞོགས་འདེགས་མཐུན་སྦྱོར་མ་བྱས་གོང་གི་ཚན་པའི་མཐུད་ཁའི་ལས་གྲྭ་ཁག་ལ་སྐུལ་འདེད་གཏོང་བ། ལྕགས་ལམ་ཅུས་བཀོད་འདོམས་པུའུ་ཡི་བླང་བྱ་གཞིར་བཟུང་ནས་ལས་ཡུན་ལྡོག་སྒྲིག་བྱས་པ་དང་། མི་སྣ་དང་རྒྱུ་ཆ། འཕྲུལ་འཁོར་བཅས་དང་དེ་བཞིན་མཛེས་བཟོའི་ལས་དོན་སྔ་སྣུར་དུ་ཇུས་འགོད་བྱས་ལ། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་ཨར་ལས་སྒྲིག་འཛུགས་བྱས་པ། འབྲེལ་ཚིགས་ཁག་གི་ལས་ཡུན་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བའི་འགན་ལེན་བཅས་བྱས་པས་ཨར་ལས་ཀྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

        རྣམ་གྲངས་ཀྱི་འགན་འཁུར་མི་སྣའི་ངོ་སྤྲོད་བྱས་པ་ལྟར་ན།  སེམས་ཀྱི་ཉི་ཟླའི་ལྕགས་ལམ་འབབ་ཚུགས་ནི་ད་ལོའི་ཟླ་5པའི་ཟླ་དཀྱིལ་དུ་འབབ་ཚུགས་ཀྱི་རྨང་གཞིའི་ལས་གྲྭ་ལེགས་གྲུབ་བྱུང་རྒྱུ་དང་།  ཟླ་6པའི་ཟླ་མཇུག་ཏུ་འབབ་ཚུགས་ཀྱི་གྲུབ་ཆ་གཙོ་བོ་ལེགས་གྲུབ་བྱུང་རྒྱུ།  ཟླ་12པའི་ཟླ་མཇུག་ཏུ་འབབ་ཚུགས་ཀྱི་མཛེས་རྒྱན་སྒྲིག་སྦྱོར་80%ལེགས་གྲུབ་བྱུང་རྒྱུ།  2021ལོའི་ཟླ་3པའི་ཟླ་མཇུག་ཏུ་གློག་བཞིའི་ཁང་པར་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་ཆ་རྐྱེན་འཛོམས་རྒྱུ།  2021ལོའི་ཟླ་5པའི་ཟླ་མཇུག་ཏུ་འབབ་ཚུགས་དང་དེ་བཞིན་ཆར་པའི་ཁང་པའི་རྒྱན་སྤྲས་སྒྲིག་སྦྱོར་ཚང་མ་ལེགས་གྲུབ་བྱུང་རྒྱུ། ཞོར་གཏོགས་ཁང་པ་ད་ལོའི་ཟླ་12པའི་ཟླ་མཇུག་ཏུ་60%ལེགས་གྲུབ་བྱུང་རྒྱུ་དང་2021ལོའི་ཟླ་5པའི་ཟླ་མཇུག་ཏུ་ཨར་སྐྲུན་ལེགས་གྲུབ་བྱུང་རྒྱུ། རྣམ་གྲངས་དེ་2021ལོའི་ཟླ་6ཚེས་1ཉིན་ནས་འགུལ་མེད་ཞིབ་བཤེར་རྩིས་ལེན་གྱི་ཆ་རྐྱེན་དུ་ལོན་རྒྱུ་དང་2021ལོའི་ཟླ་7ཚེས་1ཉིན་ཤར་གཏོང་ཐུབ་པའི་ཆ་རྐྱེན་དུ་ལོན་རྒྱུ་རེད།