དུས་བཞིའི་རྣམ་པ་མངོན་པའི་བདེ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་ནུབ་བྱང་ཕྱོགས་ཀྱི་ཏན་བོད་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་ལ། མངའ་ཁོངས་ཀྱི་ས་བབ་མཐོ་ཤོས་ནི་ཁ་བ་དཀར་པོ་ཡིན་ཏེ་སྨི་6740ཟིན་པ་དང་ས་བབ་དམའ་ཤོས་ནི་རྫ་ཆུའི་ལུང་གཞུང་ཡིན་ཏེ་སྨི་1486ཟིན། བལྟོས་མེད་མཐོ་ཚད་ཧེ་བག་སྨི་5254ཟིན་པས་ཁྱབ་ཁོངས་ཆུང་གྲས་ནང་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་ལས་ས་ཁོངས་ནང་ཁུལ་དུ་དྲང་འཕྱང་གནམ་གཤིས་དང་ལངས་གཟུགས་སྣོད་བཅུད་ཁོར་ཡུག་གི་ཁྱད་ཆོས་མངོན་ཡོད་པ་རེད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འབྲི་ཆུའི་རྒྱུད་དེ་བྱང་ཕྱོགས་སུ་སོང་ན།  རི་ཁུལ་གྱི་ཚ་ཁུལ་བྱང་མ་དང་། དྲོད་ཁུལ་འབྲིང་བ། གྲང་ཁུལ་བར་བརྒལ་བཅས་ཀྱི་ལངས་གཟུགས་དྲང་འཕྱང་གི་གནམ་གཤིས་བརྒྱུད་ཐུབ་པ་དང་། རི་བོ་གཅིག་ལ་དུས་བཞི་ཡོད་པ་དང་། ལེ་དབར་བཅུ་ལ་ནམ་མཁའ་མི་འདྲ་བའི་དམིགས་བསལ་ནམ་ཟླ་མྱོང་ཐུབ་པ་རེད།

        ཟླ་བ་བཞི་པར།  སེམས་ཀྱི་ཉི་ཟླའི་གནམ་གཤིས་ད་དུང་ཅུང་གྲང་མོ་ཡོད་ལ།  སྤང་ཐང་སྟེང་གི་རྩྭ་ད་དུང་སྔོ་ལྗང་དུ་གྱུར་མེད་ལ་སྔར་བཞིན་སེར་པོ་རེད།

        ཉི་ཤར་ཐང་སྟོད་གྲོང་དུ་ཕྱིན་ན་ཁམ་བུའི་མེ་ཏོག་ལྷུང་རྗེས་ཀུ་ཤུའི་མེ་ཏོག་རབ་ཏུ་བཞད་པ་དང་མེ་ཏོག་དཀར་སྐྱ་ཡིས་བོད་བཟོའི་སྡོད་ཁང་ལ་རྒྱན་སྤྲས་བྱས་ཡོད།

        འབྲི་ཆུའི་ས་བབ་ཅུང་དམའ་བའི་ལུང་གཞུང་ཁུལ་དུ་གནམ་གཤིས་ཡག་པོ་ཡོད་པ་དང་དེ་གར་གྲོ་དང་ཆུ་འབྲས་སོགས་ལོ་ཏོག་བཏབ་ཡོད་ལ། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་གྲོ་སེར་པོ་ཆགས་ཡོད། ཆི་པའེ་ཧ་ཏ་གྲོང་ཚོའི་ཡུངས་དཀར་མེ་ཏོག་ལྷུང་ནས་དེའི་ཚབ་ཏུ་སྔོ་ལྗང་གི་རྣམ་པས་ཁེངས་ཡོད། གྲོང་ཚོར་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པ་དང་གྱང་ཐོག་གི་མེ་ཏོག་དབང་ལག་ནས་དབྱར་དུས་ཀྱི་རྣམ་པས་ཁེངས།

        འབའ་ལུང་རྫོང་ཡེ་ཀྲི་གྲོང་རྡལ་གྱི་ཐུང་ལེ་རི་གྲོང་དུ་སྔོ་ལྗང་གི་རྣམ་པས་ཁེངས་ཤིང་། ལི་སུའུ་རི་གྲོང་གི་ཤིང་ཁང་དང་ཕན་ཚུན་སྤེལ་ཟླ་བྱེད་རེས་བྱེད་ཀྱི་ཡོད།

        མུ་མཐུད་ནས་འབྲི་ཆུའི་རྒྱུད་དུ་བསྐྱོད་དེ་འཇོལ་རྫོང་དུ་འབྱོར་ན་དྲོད་ཚད་ཆག་པའི་གནམ་གཤིས་ཀྱིས་ཟླ་4པར་ཁ་བ་འབབ་ཀྱི་ཡོད། པད་མ་རི་བོར་གངས་དཀར་གྱིས་བཀླུབས་པ་དང་རི་མཐོའི་ཁབ་ལོའི་ནགས་ཚལ་ཡང་གངས་ཁྲོད་དུ་དམིགས་བསལ་གྱི་ཉམས་འགྱུར་མངོན་གྱི་ཡོད།

        འཇོལ་ནས་མར་ཡོང་སྟེ་ཀོང་རྩེད་ར་གྲོང་རྡལ་ཡུལ་བརྒྱད་གྲོང་ཚོའི་སྙིང་སྟེང་གྲོང་མི་ཚོ་ཆུང་དུ་སླེབས་ན།  གངས་རི་དང་ཁམ་བུ་མེ་ཏོག  ཡུངས་དཀར་མེ་ཏོག་སོགས་ཀྱི་གྲོང་ཚོར་རྣམ་པར་བརྒྱན་ཞིང་།  ཁྱིམ་ཚང་སོ་སོའི་སྲེའུ་དམར་སྨིན་ནས་དམར་ཐིང་ཐིང་གིས་ཡལ་གའི་ཐོག་བཀལ་གྱི་ཡོད།