བོད་ནས་ཐང་གའི་བཤམས་སྟོན་ཁང་ཆེན་པོ་ཞིག་འཛུགས་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-26   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        ཉེ་ལམ། ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཐོན་ལས་གླིང་དང་། འཛམ་གླིང་རྩེར་སོན་ཐང་ག་བཤམས་སྟོན་ཁང་དེ་ཚེ་མཆོག་གླིང་རིག་གནས་གསར་གཏོད་གླིང་ཁུལ་ནང་འཛུགས་སྐྲུན་བྱ་བཞིན་ཡོད་པ་རེད།

        ཤེས་རྟོག་བྱུང་བར་གཞིགས་ན། ཐང་གའི་སྒྱུ་རྩལ་ཐོན་ལས་གླིང་གི་ལས་གྲྭ་དེ་རྒྱལ་ཡོངས་ནས་གཞི་ཁྱོན་ཆེ་ཤོས་དང་། ཐོན་ལས་འབྲེལ་ཐག་ཆ་ཚང་ཤོས་ཀྱི་ཐང་གའི་རིག་གནས་ཐོན་ལས་གླིང་ཐོག་མ་དེ་ཡིན། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་བྱས་པའི་རྨང་གཞི་དང་། ཕྱོགས་ཡོངས་ནས་ཡུལ་ལྗོངས་ཧྲིལ་པོ་མཐོང་བའི་བོད་རིག་གནས་ཡུལ་སྐོར་ཀྱི་ཕྱོགས་བསྡུས་རྣམ་པ་ཞིག་ཡིན་པར་མ་ཟད། སྒྱུ་རྩལ་དང་། ཡུལ་སྐོར། རིག་གནས། ཉོ་ཚོང་། སློབ་སྦྱོང་། ཉམས་ལེན་སོགས་ཕྱོགས་ཡོངས་ཀྱི་ཀྲུང་ཧྭ་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་ཕྱོགས་བསྡུས་གླིང་ཞིག་ཀྱང་ཡིན།

          ཐང་གའི་སྒྱུ་རྩལ་ཐོན་ལས་གླིང་དེ་སྔོན་རྩིས་བྱས་པར་གཞིགས་ན། ཞོ་སྟོན་སྐབས་ཚོད་ལྟའི་ལས་གཉེར་བྱ་རྒྱུ་ཡིན་པ་དང་། རྒྱལ་སྟོན་སྐབས་དངོས་སུ་ལས་གཉེར་བྱ་རྒྱུ་ཡིན་པ་རེད། བེད་སྤྱོད་གཏོང་འགོ་ཚུགས་རྗེས། ཐང་གའི་ཐོན་སྐྱེད་ཚོང་གཉེར་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་བསྡོམས་འབོར་བརྒྱ་ལྷག་ཟིན་གྱི་ཡོད། བོད་ཀྱི་ཐང་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཐང་ག་གསར་རྩོམ་ལས་རིགས་སློབ་གསོའི་ལྟེ་གནས་འཛུགས་པ། ཐང་གའི་སྒྱུ་རྩལ་གྱི་གསོ་སྦྱོང་སྒྲིག་གཞི། དབུལ་ཕོངས་ས་ཁུལ་གྱི་མི་སྣ་དང་། ཐང་གའི་གསོ་སྦྱོང་སློབ་གྲྭ། ཐང་ག་འབྲི་མཁན་གྱི་སྒྱུ་རྩལ་པ་སོགས་ལས་ཞུགས་མི་སྣ་སྟོང་ཕྲག་ཡོད་པའི་ཐང་གའི་སྒྱུ་རྩལ་ཐོན་ལས་གླིང་ཞིག་བསྐྲུན་རྒྱུ་དང་། རྗེས་མར་རིམ་བཞིན་ཚད་གཞི་ཇེ་མཐོར་བཏང་ནས། དངོས་ཤུགས་ལྡན་པའི་ཐང་གའི་ཐོན་སྐྱེད་ཁེ་ལས་དང་། ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་ཐང་གའི་རིག་གནས་ཀྱི་མཚོན་རྟགས་ཤིག་ཏུ་ཆགས་ཐོག ཐོན་སྐྱེད་ཕྱོགས་ཡོངས་ཀྱི་དངོས་ཤུགས་དང་། འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏང་རྒྱུ་རེད།