འབྲི་ཆུའི་ཟམ་ཆེན་གྱི་གཙོ་གཞུང་སྒྲིག་གཞི་ཡོངས་སུ་ལེགས་འགྲུབ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-23   རྩོམ་ཁུངས།    མི་དམངས་ཚགས་པར་ཁང་།

        ཟླ་4བའི་ཚེས་22ཉིན། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་བཟོ་སྐྲུན་གྱི་ལས་སྒོ་ཕྱོགས་ཡོངས་ནས་སླར་གསོ་བྱས་པ་ནས་བཟུང་། ལས་བཟོ་བ་རྣམས་ཀྱིས་ཉིན་མཚན་མེད་པར་འབད་བརྩོན་བྱས་མཐར་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་སྟེ། འབྲི་ཆུའི་ཟམ་ཆེན་གྱི་གཙོ་གཞུང་སྒྲིག་གཞི་ཡོངས་སུ་ལེགས་འགྲུབ་བྱུང་ལ། ཨར་ལས་ཀྱི་འཆར་གཞི་ལྟར། འབྲི་ཆུའི་ཟམ་ཆེན་ལ་ཟླ་བ་5བར་འཕྲེད་བཅད་ལྕགས་གདུང་འཇོག་རྒྱུ་ཡིན་ཏེ། ལོ་མཇུག་ཏུ་ལམ་ངོས་འདིང་ཐུབ་པའི་ཆ་རྐྱེན་སྐྲུན་བཞིན་ཡོད།

    འབྲི་ཆུའི་ཟམ་ཆེན་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་སྐྱོད་གཞུང་ལམ་གཉིས་མཉམ་གཤིབ་ཀྱིས་འབྲི་ཆུ་འཕྲེད་ཀྱིས་བཅད་ཡོད་པ། (ཝང་ཡུང་ཝུན་གྱིས་པར་བླངས།)

        འབྲི་ཆུའི་ཟམ་ཆེན་ཡུན་ནན་ཞིང་ཆེན་ས་དམ་གྲོང་ཁྱེར་འབྲི་ཆུའི་སྟག་མཆོང་རྡོའི་ལྗོངས་ཁུལ་ཡར་ཕྱོགས་ཀྱི་སྤྱི་ལེ་3ཙམ་གྱི་མཚམས་སུ་ཡོད་ལ། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་སྐྱོད་གཞུང་ལམ་དང་མཉམ་གཤིབ་ཀྱིས་འབྲི་ཆུ་འཕྲེད་ཀྱིས་བཅད་ཡོད། ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྨི་882.5ཡོད་ལ། འཕྲེད་བཅད་གཞུང་ཐིག་གི་རིང་ཚད་ལ་རྨིད་660དང་། ཨང་རྟགས་དང་པོའི་ལྕགས་མདུང་གི་རིང་ཚད་ལ་སྨི་194.5། ཨང་རྟགས་2པའི་ལྕགས་མདུང་གི་རིང་ཚད་ལ་སྨི་155.5ཡོད་དེ། འདི་ནི་རྒྱལ་ནང་གི་འབྲི་ཆུ་འཕྲེད་བཅད་བར་ཐག་ཆེས་རིང་བའི་ལྕགས་གདུང་ཟམ་ཆེན་ཐོག་མ་ཡིན་པ་རེད།

        ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཡོངས་ལ་སྤྱི་ལེ་139ཡོད་ལ། ལམ་ཐིག་ཧྲིལ་བོར་ཆུད་ཚོད་རེར་སྤྱི་ལེ་120སྐྱོད་ཐུབ་བྱས་ཡོད། འདི་ནི་རང་རྒྱལ་གྱི་ནུབ་རྒྱུད་ལྕགས་ལམ་གྱི་ལམ་ཐིག་གཙོ་བོ་ཞིག་ཡིན། འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་ངེས་ཡིན་པ་རེད།