​ཀྲུང་གོའི་སྤོ་སྒུལ5Gབརྡ་རྟགས་ཇོ་མོ་གླང་མའི་རི་རྩེར་ཁྱབ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-21   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

1587430780917155.jpg

འདི་ནི་ཀྲུང་གོའི་སྤོ་སྒུལ་གྱི་ལས་བྱེད་མི་སྣས་གསར་དུ་བཙུགས་པའི་རྟེན་གཞིའི་ས་ཚིགས་ཀྱི་མདུན་དུ་མཉམ་པར་ལེན་བཞིན་པའི་ཚུལ་རེད།

        ཀྲུང་གོའི་སྤོ་སྒུལ་གྱིས་ད་ལོའི་ཟླ4བ་ནས་བཟུང“5Gཇོ་རིའི་སྟེང་བསྐྱོད་པའི”ཆེད་དོན་བྱ་འགུལ་དངོས་སུ་སྤེལ་འགོ་ཚུགས་པར་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། ཟླ4བའི་ཚེས19ཉིན་བར་ཀྲུང་གོའི་སྤོ་སྒུལ་གྱིས་སྨི5300ཡི་ཇོ་མོ་གླང་མའི་སྒར་ས་ཆེན་མོ་དང་སྨི5800ཡི་བར་བརྒལ་སྒར་ས་རུ5Gརྟེན་གཞིའི་ས་ཚིགས3ཤར་གཏོང་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་ནས། སྔོན་དཔག་བྱས་པ་ལྟར་ན་ཟླ4བའི་ཚེས25ཉིན་གྱི་སྔོན་དུ་སྨི6500ཡི་མདུན་སྐྱོད་སྒར་སར5G་རྟེན་གཞིའི་ས་ཚིགས2དང་ས་ཚིགས་ཚང་མར་འཛུགས་སྐྲུན་ཤར་གཏོང་བྱེད་པའི་བྱ་བ་ལེགས་འགྲུབ་འབྱུང་རྒྱུ་ཡིན་པས། དེ་འཛམ་གླིང་ཡོངས་ཀྱི་ས་བབ་ཆེས་མཐོ་བའི5Gརྟེན་གཞིའི་ས་ཚིགས་སུ་གྱུར་རྒྱུ་རེད། སྐབས་དེེེར་ཀྲུང་གོའི་སྤོ་སྒུལ5Gབརྡ་རྟགས་ཇོ་རིའི་བྱང་ངོས་ཀྱི་རི་འཛེག་ལམ་ཐིག་དང་ཇོ་རིའི་རི་རྩེར་ཁྱབ་རྒྱུ་རེད།

        ཀྲུང་གོའི་སྤོ་སྒུལ“5Gཇོ་རིའི་སྟེང་བསྐྱོད་པའི”བྱ་འགུལ་ལྟར་ན་ས་བབ་མཐོ་ཚད་སྨི5300ཡི་ཇོ་མོ་གླང་མའི་སྒར་ས་ཆེན་མོ་དང་། སྨི5800ཡི་བར་བརྒལ་སྒར་ས། སྨི6500ཡི་མདུན་སྐྱོད་སྒར་ས་བཅས་སུ5Gརྟེན་གཞིའི་ས་ཚིགས5བསྐྲུན་རྩིས་ཡོད་པ་རེད། དེར་བརྟེན་ཀྲུང་གོའི་སྤོ་སྒུལ་ཡིས་བསྡོམས་པས་ལས་མི150ལྷག་མངགས་ཏེ་འཛུགས་སྐྲུན་དང་སྲུང་སྐྱོང་ལ་འགན་སྲུང་བྱས་པ་མ་ཟད། ཇོ་མོ་གླང་མའི་འགན་སྲུང་ས་ཁུལ་མཐའ་འཁོར་གྱི་སྤྱི་ལེ177ཡོད་པའི་བརྒྱུད་གཏོང་གཞུང་ལམ་དང་ལམ་རྒྱུད་ཀྱི་མཚམས་ཚིགས་འཕྲུལ་འཁོར་ཁང་རིམ་སྤར་བསྒྱུར་བཀོད་དང་སྲུང་སྐྱོང་སྲ་བརྟན་དུ་བཏང་ནས། འོད་སྐུད་སྤྱི་ལེ25གསར་དུ་བཏང་ཡོད་པ་རེད། དྲ་རྒྱའི་འཛུགས་སྐྲུན་སྒྲིག་ཆས་དང་འཚོ་བའི་འགན་སྲུང་དངོས་ཟོག་ཏུན8འབྲི་གཡག40ལྷག་གི་སྟེང་དུ་བཀལ་བ་དང་ལས་བཟོ་བ60ལྷག་གིས་ཕྲག་ཏུ་འཁུར་ཏེ་སྐྱེལ་འདྲེན་བྱས་པ་དང་། དྲ་རྒྱའི་སྲུང་སྐྱོང་ལེགས་སྒྲིག་མི་སྣ12ཀྱིས་ས་བབ་མཐོ་ཚད་སྨི5300ཡན་གྱི་ས་ཁོངས7*སུ་ཆུ་ཚོད24ལ་ལས་རེས་བྱས་ནས་ཇོ་མོ་གླང་མའི་ས་ཁོངས་སུ་དྲ་རྒྱ་ཤར་གཏོང་པ་དང་བྱེད་ནུས་ལེགས་པར་འགན་སྲུང་བྱས་པ་རེད།

        ཇོ་རིའི་ལྟེ་བའི་ས་ཁོངས་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་མི་གཏོང་ཆེད། ཀྲུང་གོའི་སྤོ་སྒུལ་ཡིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཆུང་བའི་འོད་འཁྲིད་ཚི་སྐུད་བཀོད་སྒྲིག་བྱེད་སྟངས་སྤྱད་དེ་འཛུགས་སྐྲུན་བྱས་ཤིང་། ལྟེ་བའི་ས་ཁོངས་སུ་སྔོག་འདོན་མི་བྱེད་པ་དང་གཏོར་བཤིག་མི་བྱེད་པར་འགན་སྲུང་བྱས་པ་དང་ཆབས་ཅིག ལས་གཞི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་གཅིག་གྱུར་འཚོ་གནས་ཁུལ་བཙུགས་ཏེ། འཚོ་བ་དང་ལས་གཞིའི་གད་སྙིགས་གཅིག་གྱུར་གྱིས་གཙང་སེལ་བྱེད་བཞིན་ཡོད། 

        ཐེངས་འདིའི“5Gཇོ་མོ་གླང་མར་བསྐྱོད་པའི”ཆེད་དོན་ལས་དོན་ནི་མིའི་རིགས་ཀྱི་ཚེ་སྲོག་བཀག་སྡོམ་ཁུལ་དུ་འགྲན་སློང་ཐེངས་གཅིག་བྱས་པ་མ་ཟད། དུས་རིམ་རྗེས་མར་ཇོ་མོ་གླང་མའི་5Gརིག་ལྡན་གནས་སྐོར་དང་ཚན་རིག་རྟོག་ཞིབ་ཀྱི5Gའཕྲིན་གཏོང་འགན་སྲུང་བྱ་བར་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད་པ་རེད།  །