2020ལོའི་ལོ་སྟོད་ཀྱི་ཡིག་རྒྱུགས་འདི་དག་མེད་པར་བཟོས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-20   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

2020ལོའི་ལོ་སྟོད་ཀྱི་ཡིག་རྒྱུགས་ཁག་གཅིག་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

     རྒྱལ་ཁབ་ཀྱི་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་བཀོད་སྒྲིག་དང་སློབ་གསོ་པུའི་འབྲེལ་ཡོད་བརྡ་ཐོའི་བླང་བྱ་དོན་འཁྱོལ་བྱས་ནས་རྒྱུགས་སྤྲོད་སློབ་མ་དང་ཡིག་རྒྱུགས་ལས་དོན་མི་སྣའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད་2020ལོའི་ལོ་སྟོད་དུ་འཚོག་རྒྱུའི་གཏན་འབེབས་བྱས་པའི་གཤམ་གསལ་ཡིག་རྒྱུགས་རྣམ་གྲངས་མེད་པ་བཟོ་རྒྱུ་སྟེ།

     1.2020ལོའི་ཟླ་3ཚེས་21ཉིན་ནས་ཚེས་22ཉིན་བར་གྱི་རྒྱལ་ཡོངས་ཀྱི་དབྱིན་ཡིག་རིམ་པའི་ཡིག་རྒྱུགས(PETS)དང་། 

     2.2020ལོའི་ཟླ་3ཚེས་21ཉིན་ནས་ཚེས་24ཉིན་བར་དང་། ཟླ་5ཚེས་30ཉིན་ནས་ཟླ་6ཚེས་2ཉིན་བར་གྱི་རྒྱལ་ཡོངས་རྩིས་འཁོར་ཉེར་སྤྱོད་ཆུ་ཚད་ཀྱི་ཡིག་རྒྱུགས(NIT)། 

     3.2020ལོའི་ཟླ་3ཚེས་28ཉིན་ནས་ཚེས་30ཉིན་བར་གྱི་རྒྱལ་ཡོངས་ཀྱི་རྩིས་འཁོར་རིམ་པའི་ཡིག་རྒྱུགས(NCRE)། 

     4.2020ལོའི་ཟླ་5ཚེས་16ནས་17ཉིན་བར་གྱི་རྒྱལ་ཡོངས་ཀྱི་ཕྱི་སྐད་ཆུ་ཚད་ཀྱི་ཡིག་རྒྱུགས(WSK)།

     5.2020ལོའི་ཟླ་5ཚེས་23ཉིན་ནས་ཚེས་24ཉིན་བར་གྱི་ཡིག་རིས་རིམ་པའི་ཡིག་རྒྱུགས(CCPT)།

     6.2020ལོའི་ཟླ་5ཚེས་23ཉིན་ནས་ཚེས་24ཉིན་བར་རྒྱལ་ཡོངས་སློབ་ཆེན་གྱི་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་ཁ་སྐད་རྒྱུགས་ལེན(CET-SET)།

     རྒྱལ་ཡོངས་ཀྱི་སློབ་ཆེན་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་ཡིག་རྒྱུགས་ཀྱི་དུས་ཚོད་གནས་ཚུལ་ལ་གཞིགས་ནས་བརྡ་ཐོ་གཏོང་རྒྱུ་ཡིན་པ་རེད། 

     PETSདང་NCREགཉིས་ལ་མིང་ཐོ་བཀོད་ཟིན་པའི་རྒྱུགས་སྤྲོད་སློབ་མའི་རྒྱུགས་སྤྲོད་གྲོན་དངུལ་ཚང་མ་ཕྱིར་སློག་བྱ་རྒྱུ་དང་ཞིབ་ཕྲའི་གནས་ཚུལ་རྒྱུགས་སྤྲོད་སློབ་མས་ཐོ་འགོད་དྲ་ཚིགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ལ་དོ་ཁུར་ཆེན་པོ་བྱེད་དགོས།

     དེ་ལས་རྒྱུགས་སྤྲོད་སློབ་མ་རྣམས་ལ་སྟབས་མི་བདེ་བ་བཟོས་པར་བསམ་ཤེས་གནང་རོགས།

སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས།

2020ལོའི་ཟླ་4ཚེས་16ཉིན།