ཁུལ་ཡོངས་ཀྱི་སྟོང་སྐུལ་བྱེད་སྒོའི་ཕྱོགས་སྡོམ་དང་ཁུལ་ཨུའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

ཟླ་4ཚེས་17ཉིན་གྱི་ཕྱི་དྲོ།ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་ནས་གཞི་རིམ་དུ་བསྐྱོད་དེ་བརྟན་ལྷིང་ལ་དམ་འཛིན་དང་ནད་ཡམས་ལ་དམག་འཐབ་བྱས་ནས་དབུལ་སྒྲོལ་ལ་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཕྱོགས་སྡོམ་དང་ཁུལ་ཨུའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུ་དེ་ཁུལ་ཨུའི་སྙན་ཞུ་ཐིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ད་ལོའི་ཁུལ་ཡོངས་ཀྱི་སྟོང་སྐུལ་བྱེད་སྒོའི་གྲུབ་འབྲས་ཕྱོགས་སྡོམ་བྱས་ནས་དུས་མཚམས་རྗེས་མའི་ཁུལ་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲིས་ཚོགས་འདུའི་ཐོག་བྱེད་སྒོའི་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱས་ནས་བོད་ཁུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་བདེ་ཆེན་ཡུན་རིང་བདེ་འགོད་བྱུང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱ་དགོས་ཞེས་ནན་བཤད་གནང་བ་རེད།


ཚོགས་འདུའི་ཡུལ་དངོས།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

      ད་ལོའི་སྟོང་སྐུལ་བྱེད་སྒོ་ཕྱོགས་སྡོམ་བྱེད་སྐབས་ཝང་དབྱི་ཀྲིས་ང་ཚོས་རྩ་ཆེའི་ཉམས་མྱོང་བཞི་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་སྟེ།གཅིག་ནི་ཚད་མཐོའི་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་།གཉིས་ནི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་སྔ་སྣུར་དུ་ཇུས་འགོད་བཀོད་སྒྲིག་བྱེད་པ།གསུམ་ནི་ལས་ཀའི་བྱ་ཐབས་གསར་གཏོད་བྱས་ནས་ལས་ཀའི་གཞི་རྟེན་ཕུན་སུམ་ཚོགས་པར་གཏོང་བ།བཞི་ནི་ཕྱི་ཚུལ་རིང་ལུགས་གཏན་འགོག་དང་བྱེད་ཐབས་ཁག་དངོས་སྒྲུབ་གོ་ཆོད་བྱེད་དགོས།གྲུབ་འབྲས་མཐོང་བ་དང་དུས་མཚུངས་བྱེད་སྒོའི་ནང་ཕྱོགས་གསུམ་ཐད་ཀྱི་ཞན་ཆ་དང་མི་འདང་ས་ཡང་ཡོད་པ་སྟེ།གཅིག་ནི་འགན་འཁྲིའི་འབྲེལ་ཐག་ཇེ་བརྟན་དུ་གཏོང་རྒྱུ་མི་འདང་བ་དང་། འགལ་བ་དང་རྩོད་གཞི་གལ་ཆེན་ཁག་གཅིག་ཐག་གཅོད་བྱེད་ཤུགས་གནད་ལ་མི་འཁེལ་བ་རེད།གཉིས་ནི་ལས་ཀའི་འཕེལ་རིམ་དོ་སྙོམས་མེད་པ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཆ་མི་སྙོམས་པ་རེད།གསུམ་ནི་ལས་བྱེད་པ་ཉུང་ཤས་ཤིག་གནས་བབ་གསར་པའི་འོག་གི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་དགོས་མཁོ་དང་ད་དུང་འཚམ་གྱི་མེད་པ་དང་།བསམ་བློའི་ངོས་འཛིན་དང་། བསམ་བློའི་འདུ་ཤེས། ལས་ཀའི་འཇོན་ཐང་། ལས་ཀའི་སྤྱོད་ཚུལ་བཅས་ཀྱི་ཐད་ད་དུང་ཧེ་བག་ཡོད་པས།གནད་དོན་དེ་དག་ལ་དམིགས་ནས་ནན་ཏན་གྱིས་རིམ་བཞིན་ཐག་གཅོད་བྱ་དགོས། 

ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་ཡིས་གསུང་བཤད་གནང་བཞིན་པ།

   ཝང་དབྱི་ཀྲི་ཡིས་བདེ་ཆེན་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་དང་སྲུང་སྐྱོང་གཉིས་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པས་འདི་ལོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་ཕྱོགས་བཞིའི་ཐད་ཀྱི་ལས་དོན་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།གཅིག་ནི་གཙོ་རྐང་དང་གཙོ་ཐིག་ལ་དམིགས་པ་དང་། བདེ་ཆེན་བོད་ཁུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་དམིགས་པ་དང་།ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཙོ་རྐང་ལ་ཐོག་མཐའ་བར་གསུམ་དུ་དམིགས་པ།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྟོག་ཞིབ་གཏིང་ཟབ་བྱེད་པ།བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། གཉིས་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་།བློ་བརྟན་འགྱུར་མེད་ངང་ཆོས་ལུགས་ཁྱབ་ཁོངས་ཀྱི་དོ་དམ་ཞབས་ཞུར་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས།གསུམ་ནི་མིག་སྔར་གཞི་ཚུགས་པ་དང་ཕུགས་ཡུན་ལ་དམིགས་ཏེ་བོད་ཁུལ་བརྟན་ལྷིང་སྲུང་སྐྱོང་རྩ་འཛུགས་ཀྱི་རྨང་གཞི་དང་།བསམ་བློའི་རྨང་གཞི། གཞི་རིམ་གྱི་རྨང་གཞི། ཚན་རྩལ་གྱི་རྨང་གཞི་བཅས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།བཞི་ནི་བརྟན་ལྷིང་སྲུང་སྐྱོང་གི་ལམ་སྲོལ་འགན་ལེན་དང་དཔུང་ཁག་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་བོད་ཁུལ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་འདེགས་སྐྱོར་ནུས་ལྡན་དང་གསོན་ཤུགས་ཆེན་པོ་སྣོན་པ།ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་གྱི་ཁྲིད་ཕྱོགས།གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་དང་དངོས་སྒྲུབ་བྱ་ཐབས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་བདེ་ཆེན་གྱི་ཡུན་རིང་བདེ་འགོད་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ་རང་རྒྱལ་གྱི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པར་བསྟན།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་གསུང་བཤད་གནང་བཞིན་པ།

     ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་རང་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་ལས་ཀར་འཕྲད་པའི་གནས་བབས་ལ་ངོས་འཛིན་ཟབ་མོ་བཅངས་དགོས་པ་དང་།བསམ་བློ་དང་ངོས་འཛིན་སོགས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས།རིམ་པ་ཁག་དང་སྡེ་ཚན་ཁག་གི་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ནས་ས་སྲུང་འགན་ཡོད་དང་། ས་སྲུང་འགན་འཁུར་དང་།ས་སྲུང་འགན་སྒྲུབ་བཅས་བྱས་ནས་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཆབ་སྲིད་ལ་སྣང་ཆེན་དང་།སྤྱི་ཡོངས་ལ་ལྟ་རྟོག  སྒྲིག་ལམ་སྲུང་བ། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ནས་རྩ་འཛུགས་དང་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་ལན་ཞིག་ཕུལ་ཏེ་བདེ་ཆེན་བོད་ཁུལ་ཞི་མཐུན་བརྟན་ལྷིང་ཡོང་བར་མུ་མཐུད་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།