ཞོགས་པ་འབྲས་ཐུག་བཏུངས་ན་ཕོ་བ་གསོ་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-16   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར་དྲ་བ།

    འཚོ་བཅུད་ཚན་པའི་དགེ་རྒན་ཅང་ཧྥང་གིས་ཆེད་ལས་ཀྱི་ཐད་ནས་རང་ཉིད་ཀྱི་ལྟ་ཚུལ་མཉམ་སྤྱོད་བྱས་པར་གཞིགས་ན། དགུང་མོ་གཉིད་ཉལ་བའི་ཆུ་ཚོད་བདུན་བརྒྱད་ཙམ་རིང་ཆུ་ཐིགས་པ་གཅིག་ཀྱང་རག་གི་མེད་ནའང་། དབུགས་རྔུབ་འབྱིན་དང་།  ཆུ་གཅིན་པར་འགྱུར་མཚམས་མི་ཆད་པས། ཞོགས་པ་ལང་སྐབས་གཟུགས་པོར་སྤྱིའི་ཆ་ནས་ཆུ་མི་འདང་བའི་སྣང་ཚུལ་ཐོན་གྱི་ཡོད།   འབྲས་ཐུག་ལ་ཆུ་འདྲེས་ཚད་ཕལ་ཆེར་80%ཡན་ཟིན་པས། ཕོར་པ་གང་བཏུངས་ཚེ་ལུས་པོར་ཆུ་ཡག་པོ་གསབ་ཐུབ།

    འབྲས་ཐུག་འབྲས་ལས་བསྐོལ་བ་མ་ཟད་ལྡར་ལྡུར་ཡིན་པས་ཕོ་བར་འཇུ་བདེ་པོ་ཡོད། དེར་བརྟེན་མི་མང་ཆེ་བས་འབྲས་ཐུག་བཏུངས་ན་ཕོ་བ་གསོ་ཐུབ་སྙམ། འོན་ཀྱང་དོན་དངོས་འདི་འདྲ་མིན།      འཇུ་ཧ་ཅང་བདེ་བའི་འབྲས་ཐུག་གམ་ཟས་འཇམ་པོ་དང་ཐུག་པ་ལྡར་ལྡུར་སོགས་ཡུན་རིང་བཏུངས་ཚེ། ཕོ་བའི་འཇུ་ནུས་ཉམས་པ་དང་སྐྱོ་རུ་འགྲོ་སྲིད། གལ་སྲིད་ཕོ་རྒྱུའི་བྱེད་ནུས་ལ་སྐྱོན་ཆེན་པོ་མེད་ན་དམིགས་སུ་བཀར་ནས་ཕོ་བ་གསོ་དགོས་མེད། དུས་ཐོག་ཏུ་ཟ་འཐུང་བྱེད་པ་དང་། ཟས་སོ་ཡིས་བལྡད་ནས་དལ་གྱིས་མིད་པ།འཚོ་བཅུད་འགན་ལེན་བཅས་བྱས་ཚེ་ཕོ་བ་ཡག་པོ་གསོ་ཐུབ།