མགོ་སྨན་འཐུང་གྲངས་མང་ན་འགྲིག་གམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-16   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན་དྲ་བ།

    བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ལ་མི་རྣམས་ཀྱིས་མགོ་སྨན་ནི་ནད་ཐམས་ཅད་འཇོམས་པའི་སྨན་ཞིག་ཏུ་བརྩིས་ཏེ། ལག་པ་དང་རྐང་པ། མཁྲིས་པ། ཕོ་བ་སོགས་གང་ན་ཡང་མགོ་སྨན་ཏག་ཏག་འཐུང་བཞིན་འདུག  དེ་བཞིན་མི་ཚོགས་མང་པོ་འཛོམས་དུས་མགོ་སྨན་ཤོག་སྒམ་ཁ་ཤས་གྲ་སྒྲིག་བྱས་ཏེ་ཕན་ཚུན་མགོ་སྨན་སྤྲད་པ་སོགས་ཡོད་ལ་མི་མང་པོར་མགོ་སྨན་འཐུང་རྒྱུ་གོམས་ལོབས་སུ་གྱུར་ཡོད། ལྷག་པར་ཏུ་རྒན་པ་རྣམས་ཀྱིས་ཉིན་རེར་མགོ་སྨན་ཐེངས་བཞི་ལྔ་ཙམ་འཐུང་མཁན་ཡང་ཡོད་པར་ཐོས་ལ། མགོ་སྨན་དེ་འདྲ་མང་པོ་འཐུང་མཁན་ནི་ཕལ་ཆེར་བོད་ཡུལ་མ་གཏོགས་ས་ཆ་གཞན་ནས་མཐོང་དཀའ་སྙམ།

    མི་མང་ཆེ་ཤོས་ཀྱིས་མགོ་སྨན་འཐུང་རྒྱུ་མང་དྲགས་ན་གནོད་པ་ཅི་ཡོད་ཤེས་ཀྱིན་མི་འདུག ཆེད་མཁས་པ་རྣམས་ཀྱིས་གསུངས་རྒྱུར། མགོ་སྨན་གྱི་ནང་དུ་ཁཱ་ཧྥེ་ཡེན་དང་ཨན་ཅི་པི་ལིན་ཞེས་པ་སོགས་ཀྱི་རྒྱུ་ཆ་ཡོད་པས་ཐེངས་གཅིག་གཉིས་ཙམ་འཐུང་རྗེས་སླར་ཡང་འཐུང་བསམ་ཞིང་གོམས་ལོབས་སུ་འགྱུར་པ་དང་། ནད་ཅི་བྱུང་ནའང་དེ་དང་འབྲལ་དཀའ་བར་འགྱུར་སྲིད་ཟེར།     

    ད་དུང་མགོ་སྨན་འཐུང་ཆེ་ན་ཀླད་པ་དང་ཕོ་བ། མཁལ་མ་སོགས་ལ་གནོད་པ་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ལྷག་པར་ཏུ་མིའི་དྲན་པ་ཉམས་པ་དང་། མཚན་མོ་གཉིད་མི་ཡོང་བ་སོགས་ཀྱི་གནོད་པ་སྐྱེལ་སྲིད། དེ་བས་མགོ་སྨན་འཐུང་རྒྱུ་ཇེ་ཉུང་དུ་བཏང་ན་བཟང་། གལ་ཏེ་ཁྱེད་ལ་ནད་བྱུང་ན་སྨན་ཁང་ནང་བརྟག་བཤེར་བྱས་ནས་སྨན་པས་བཀོད་སྒྲིག་བྱས་པའི་སྨན་འཐུང་བ་མ་གཏོགས་རང་ཉིད་ཀྱིས་གང་བྱུང་དུ་སྨན་མ་འཐུང་ན་ལེགས།