ཟླ་འོད་གྲོང་ཁྱད་ལྡན་གྲོང་རྡལ་ཆུང་བའི་རྣམ་གྲངས་ལ་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་1.05ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར། ཞིང་ལས་འཕེལ་རྒྱས་དངུལ་ཁང་བདེ་ཆེན་ཡན་ལག་དངུལ་ཁང་གིས་བདེ་ཆེན་ཁུལ་གསར་སྤེལ་མ་འཇོག་ཚོགས་པ་སེམས་ཀྱི་ཉི་ཟླ་ཀྲི་ཏུས་ཚད་ཡོད་ཀུང་སིར་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་1.05བཏང་བ་དང་དངུལ་བུན་དེ་སེམས་ཀྱི་ཉི་ཟླ་རྡོ་མཁར་རྫོང་ཟླ་འོད་གྲོང་གི་ཁྱད་ལྡན་གྲོང་རྡལ་ཆུང་བའི་དུས་ཐེངས་དང་པོའི་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱོད་རྒྱུ་ཡིན་པ་དང་། ཁེ་ལས་ཀྱིས་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ནས་རྡོ་མཁར་རྫོང་གི་སྤུས་ཚད་མཐོར་གཏོང་དང་ཤོང་ཚད་ཆེར་གཏོང་གི་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

མིག་སྔར། སེམས་ཀྱི་ཉི་ཟླ་ཟླ་འོད་གྲོང་གི་ཁྱད་ལྡན་གྲོང་རྡལ་ཆུང་བའི་དུས་ཐེངས་དང་པོའི་རྣམ་གྲངས་དང་འབྲེལ་བ་ཡོད་པའི་འགྲོ་ལམ་དང་། སྔོ་ལྗང་ཅན། ཆུ་རྒྱུད་མདོང་དྲ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོར་གཏོང་དང་རྒྱ་ཆེ་རུ་གཏོང་བའི་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།  མིག་སྔར་དུས་ཐེངས་དང་པོའི་རྣམ་གྲངས་ལ་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་2བཏང་ཡོད། གོམ་སྟབས་རྗེས་མར་ད་དུང་ཡུལ་སྐོར་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་6.69གཏོང་གྲབས་ཡོད།