བཞི་བཟང་གྲོང་གསེབ་ཀྱི་ལམ་བུ་བསྐྲུན་ནས་ཁུལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་ཤས་རིང་། རང་ཁུལ་འགྲིམ་འགྲུལ་སྡེ་ཚན་གྱིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་གྲོང་གསེབ་ཀྱི་མང་ཚོགས་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    མིག་སྔའི་བར་ཁུལ་ཡོངས་ཀྱིས་སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་པ་དང་། ཐད་བརྒལ་མི་རིགས། བདེ་སྲུང་། ཉེན་ཡོད་ཟམ་པ་སོགས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་སྣ་ཚོགས་སྤྱི་ལེ་8580ལག་བསྟར་བྱས་ནས་ཀྲུང་དབྱང་གི་ཁ་གསབ་མ་དངུལ་ཁྱོན་སྒོར་དུང་ཕྱུར་19.7བརྩོན་ལེན་བྱས་པ་རེད། ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་29ལ་ཤང་ཚང་མར་སྣུམ་ལམ་ཤར་གཏོང་ཐུབ་པ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ། སྲིད་འཛིན་གྲོང་ཚོ་193ལ་གཞུང་ལམ་མཁྲེགས་འགྱུར་བྱུང་ནས་མཁྲེགས་འགྱུར་བྱེད་ཚད་100%ཟིན་པ་དང་། སྦྲག་སྲིད་གཏོང་ཐུབ་ཚད100%ཟིན་པ་དང་།  འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་89%ཟིན་པ། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་89%ལ་སླེབས་ཡོད། སྲིད་འཛིན་གྲོང་ཚོར་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་པ་དང་ཆབས་ཅིག་མ་དངུལ་སྒོར་ཁྲི་35709བདེ་སྲུང་ལས་གྲྭའི་འཛུགས་སྐྲུན་ཐད་སྤྱད་དེ་ནུས་ཡོད་ཀྱིས་གྲོང་གསེབ་གཞུང་ལམ་གྱི་རླངས་འཁོར་བདེ་འཇགས་རང་བཞིན་ཆེ་རུ་བཏང་ཡོད།

    འགྲིམ་འགྲུལ་སྡེ་ཚན་གྱིས་གྲོང་གསེབ་ཀྱི་ལམ་ཁོངས་ཁོར་ཡུག་བཅོས་སྒྲིག་ཧུར་ཐག་བྱས་པ་རེད། རྫོང་དང་ཤང་གི་གཞུང་ལམ་དང་ལམ་ཐོན་ཡིག་ཚགས་བཟོས་ནས་གཞུང་ལམ་དང་ལམ་ཐོན་དབང་ཆ་སྲུང་སྐྱོང་བྱེད་པ་དང་། སྒྲིག་འགལ་བཟོ་སྐྲུན་བཤིག་ཤུགས་ཆེ་རུ་བཏང་ནས་གཞུང་ལམ་ལམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱབ་ཡོད།   གཞུང་ལམ་ལ་སྤྱོད་པའི་ས་ཆ་ཚན་རིག་དང་མཐུན་པའི་འཆར་འགོད་ཡག་པོ་བཟོ་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ལམ་གཅེས་ལམ་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད།  

    མིག་སྔར་ཁུལ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་རྒྱུན་གཏན་རང་བཞིན་གྱི་བདག་སྐྱོང་བྱེད་ཚད་རྫོང་གི་གཞུང་ལམ་100%དང་། ཤང་གི་གཞུང་ལམ་76% གྲོང་ཚོའི་གཞུང་ལམ་70%བཅས་ཟིན་ཡོད་པ་རེད། ཁྱོན་གྲོང་གསེབ་ཀྱི་གཞུང་ལམ་འགྲུལ་སྐྱེལ་གཉེར་སྐྱོང་ལས་རིགས་དུད་ཚང་6དང་དུས་གཏན་རླངས་འཁོར་1125ཡོད་པ་རེད། བདེ་ཆེན་ཁུལ་ཡོངས་ཀྱི་ཤང་གྲོང་29དང་སྲིད་འཛིན་གྲོང་ཚོ་193ལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%ཟིན་ནས་རྫོང་གྲོང་དུ་རིམ་གསུམ་གྲོང་གསེབ་ཀྱི་ལམ་ཐུང་འགྲུལ་སྐྱེལ་ས་ཚིགས་ཡོད་པ་དང་། ཤང་གྲོང་དུ་སྟབས་བདེའི་ས་ཚིགས་ཡོད་པ། སྲིད་འཛིན་གྲོང་ཚོར་བརྡ་གཏོང་ས་ཚིགས་ཡོད་པ་བཅས་ཀྱི་རིམ་གསུམ་ས་ཚིགས་ཀྱི་རྣམ་པ་མངོན་འགྱུར་བྱུང་ནས་ཐབས་ལམ་སྣ་ཚོགས་བརྒྱུད་གྲོང་གསེབ་ཀྱི་ལམ་ཐུང་འགྲུལ་སྐྱེལ་དོ་དམ་ཚད་ལྡན་ཅན་དུ་འགྱུར་བར་བྱས་ནས་གྲོང་གསེབ་མང་ཚོགས་ཕྱིར་སྐྱོད་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐུབ་པ་བྱུང་ཡོད་པ་རེད།