དབུལ་སྐྱོར་གྱི་གསལ་ཐོ། ཁ་བ་དཀར་པོས་དཔང་པོ་བྱེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-15   རྩོམ་ཁུངས།    མི་དམངས་དྲ་བ།

    ལོ་51ལ་སླེབས་པའི་བོད་རིགས་སྐྱེས་པ་བསོད་ནམས་དོན་གྲུབ་ཀྱི་ཁྱིམ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཧྥོ་ཧྲན་ཤང་ཅང་ཕོ་གྲོང་ཚོའི་ཧྲོ་ཏ་གྲོང་མི་ཚོགས་ཆུང་དུ་གནས་པ་དང་། གྲོང་ཚོ་ཆུང་ཆུང་དེ་དང་ཁ་བ་དཀར་པོ་གཙང་པོ་གཅིག་གིས་ཆོད་ཅིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། སྔོན་ཆད་དེ་ག་ཕྱི་ཕྱོགས་དང་ཁ་བྲལ་བ་དང་གྲོང་མི་ཚོའི་འཚོ་བ་ཧ་ཅང་དབུལ་པོ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། གྲོང་མི་ཚོར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱ་ཆེད། ཅང་ཕོ་གྲོང་ཚོའི་ཚོགས་ཆུང་ཁག་གིས་སྐྱུ་རུའི་ཚི་སྣུམ་དང་། འབྲི་གཡག ར་སོགས་འདེབས་འཛུགས་དང་གསོ་ཚགས་ལས་རིགས་སྤེལ་བ་མ་ཟད། ད་དུང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་ཡོད། འོན་ཀྱང་འགྲིམ་འགྲུལ་དང་ཞག་སྡོད་སོགས་ཀྱི་ཆ་རྐྱེན་ཞན་པའི་དབང་གིས་ཡུལ་སྐོར་བ་མང་པོ་མེད།

 2017ལོར་ཀོང་ཏུང་ཧྥོ་ཧྲན་གྱི་མི་སྣ་ཁག་གཅིག་གྲོང་ཚོར་རྟོག་ཞིབ་བྱེད་པར་ཡོང་བ་དང་། ལོ་གཉིས་པར་བདེ་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དང་གྲོང་ཚོའི་དང་མཉམ་ལས་བྱས་ནས་ཁ་བ་དཀར་པོའི་ཞུའེ་ཏ་མཚེའུ་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ཏེ་ཡུལ་མིའི་སྡོད་ཁང་སོགས་ཀྱི་ཐོན་ལས་བཏོད་པ་རེད། ཡུལ་སྐོར་བ་ནི་ཀུང་སིས་སྤྱི་འདོམས་བྱས་ཏེ་རང་ཚུགས་ངང་ཞིང་དུད་བདམས་ནས་ཞིང་པའི་ཁྱིམ་དུ་སྤོས་ཏེ་ཞིང་དུད་དང་མཉམ་ཟ་མཉམ་འཐུང་བྱེད་པ་དང་ཞིང་པའི་སྤྲོ་སྐྱིད་ཁང་དུ་ཉམས་ལེན་བྱེད་ཀྱི་ཡོད་པས་ཡོང་འབབ་གྲོང་མི་དང་ཀུང་སི་སོ་སོས་50%བཟུང་གི་ཡོད། ལོ་རེར་ཀུང་སིས་ད་དུང་དུད་ཚང་རེར་གཏན་འཇགས་ཡོང་འབབ་སྒོར་ཁྲི་1སྤྲད་ཀྱི་ཡོད་པ་རེད།

     བསོད་ནམས་དོན་གྲུབ་ཀྱིས་ཚོང་ལས་ཀྱི་གོ་སྐབས་ཚོར་ནས་གྲོང་ཚོའི་སྣེ་ཁྲིད་དེ་སྡོད་ཁང་བརྒྱབ་ནས་ཚོང་ལས་གཉེར་མཁན་ཁག་དང་པོ་བྱས་པ་རེད། དེ་སྔ་པི་ཝང་འཚོང་བ་དང་ས་ཞིང་འདེབས་པར་བརྟེན་ནས་འཚོ་བ་སྐྱེལ་མཁན་བསོད་ནམས་དོན་གྲུབ་ལ་ད་དུང་ཡུལ་མིའི་སྡོད་ཁང་གི་ཡོང་འབབ་བྱུང་བས་ན་ནིང་ཁོང་གི་ཁྱིམ་ལ་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་ཡོད། བསོད་ནམས་དོན་གྲུབ་སོགས་ཀྱི་སྣེ་ཁྲིད་འོག་གྲོང་མི་ཚོས་བྱ་སྤྱོད་སྤེལ་ནས་བོད་བཟོའི་སྡོད་ཁང་ཁག་བགོས་ཀྱིས་བསྐྲུན་པ་རེད། མིག་སྔར། མཐའ་མཇུག་གི་ཞིང་དུད་ཁག་གཅིག་གི་ཡུལ་མིའི་སྡོད་ཁང་གི་ལས་གྲྭ་གཙོ་བོ་བསྐྲུན་ཟིན་པ་དང་ད་ལོ་ཧྲོ་ཏ་གྲོང་ཚོའི་གྲོང་མིའི་སྡོད་ཁང་གི་ལས་གཉེར་ཁྱོན་ཡོངས་ནས་་བྱེད་འགོ་ཚུགས་ཆོག་གི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། འདེབས་འཛུགས་གསོ་ཚགས་ལས་རིགས་ལ་བརྟེན་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བར་བརྟེན་པས་ཅང་ཕོ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2016ལོའི་སྒོར་8000ནས་2019ལོའི་སྒོར་ཁྲི་2.66བར་འཕར་ཡོད་པ་རེད། ཁ་བ་དཀར་པོས་ཅང་ཕོ་གྲོང་ཚོར་ལྟ་བཞིན་ཡོད་ལ། བསོད་ནམས་དོན་གྲུབ་ཀྱིས་མཚོན་བྱེད་དུ་བྱས་པའི་གྲོང་མི་ཚོའི་འཚོ་བའི་འགྱུར་ལྡོག་ཆེན་པོར་དཔང་པོ་ཡང་བྱས་ཡོད།