ཡུན་ནན་གྱི་དཔྱིད་དུས་སློབ་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སློབ་གསོ་པུའུ་ཡི་དཔྱིད་དུས་སློབ་སྐབས་ཀྱི་སློབ་འགོ་ཚུགས་པའི་ལས་དོན་སྐོར་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་།མིག་སྔའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད།ད་ལྟ་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ། སྤྱིར་བཏང་སློབ་འབྲིང་བཅས་ཀྱི་སློབ་ཐོན་མིན་པའི་ལོ་རིམ་དང་སློབ་ཆུང་གི་སློབ་འགོ་ཚུགས་པའི་ལས་དོན་སྐོར་གྱི་བརྡ་ཐོ་གཤམ་གསལ་ལྟར།

སློབ་འགོ་ཚུགས་པའི་དུས་ཚོད།

    གཅིག ཁུལ་དང་གྲོང་ཁྱེར་སྲིད་གཞུང་ཁག་གིས་ས་ཁོངས་ནང་གི་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སློབ་གྲྭ་གཅིག་ལ་ཇུས་གཞི་གཅིག་ཞེས་པ་རེ་རེ་བཞིན་དཔྱད་དཔོག་བྱེད་དགོས།སློབ་འགོ་ཚུགས་པའི་ཆ་རྐྱེན་འདང་བའི་སློབ་གྲྭ་ཁག་ཟླ་4པའི་ཚེས་20ཉིན་ནས་བཟུང་སློབ་འགོ་ཚུགས་ཆོག་པ་དང་། སློབ་འགོ་ཚུགས་པའི་ཆ་རྐྱེན་འདང་མེད་ཚེ།གནས་སྐབས་སློབ་འགོ་ཚུགས་རྒྱུ་ནར་འགྱངས་བྱེད་རྒྱུ།

    གཉིས། རྫོང་དང་། གྲོང་ཁྱེར། ཆུས་སྲིད་གཞུང་ཁག་གིས་ས་ཁོངས་ནང་གི་སློབ་ཆུང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སློབ་གྲྭ་གཅིག་ལ་ཇུས་གཞི་གཅིག་ཞེས་པ་རེ་རེ་བཞིན་དཔྱད་དཔོག་བྱེད་དགོས།སློབ་འགོ་ཚུགས་པའི་ཆ་རྐྱེན་འདང་བའི་སློབ་གྲྭ་ཁག་ཟླ་4པའི་ཚེས་26ཉིན་ནས་བཟུང་སློབ་ཆུང་ལོ་རིམ་བཞི་པ་དང་། ལྔ་པ། དྲུག་པ་བཅས་སློབ་འགོ་ཚུགས་ཆོག་པ་དང་། ཟླ་5པའི་ཚེས་6ཉིན་ནས་བཟུང་སློབ་ཆུང་ལོ་རིམ་དང་པོ་དང་། གཉིས་པ། གསུམ་པ་བཅས་སློབ་འགོ་ཚུགས་ཆོག སློབ་འགོ་ཚུགས་པའི་ཆ་རྐྱེན་འདང་མེད་པ་རྣམས་གནས་སྐབས་སློབ་འགོ་ཚུགས་རྒྱུ་ནར་འགྱངས་བྱེད་རྒྱུ།

    གསུམ།མཐོ་རིམ་སློབ་གྲྭས་ཁོངས་གཏོགས་སྲིད་གཞུང་གི་མཛུབ་ཁྲིད་འོག་སློབ་གྲྭ་གཙོ་བོར་བྱས་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་ལ་ཞིབ་འཇུག་བརྡར་གཅོད་བྱས་ནས།སློབ་གྲྭ་གཅིག་ལ་ཐབས་ཇུས་གཅིག་གི་སློབ་འགོ་ཚུགས་པའི་ཇུས་གཞི་བཟོ་དགོས་པ་མ་ཟད།ཞིང་ཆེན་སློབ་གསོ་ཐིང་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས། སློབ་འགོ་ཚུགས་པའི་ཆ་རྐྱེན་འདང་ཚེ་ཟླ་5པའི་ཚེས་6ཉིན་ནས་བཟུང་མཐར་ཕྱིན་ལོ་རིམ་སློབ་འགོ་ཚུགས་ཆོག་པ་དང་།ཟླ་5པའི་ཚེས་11ཉིན་ནས་བཟུང་སློབ་ཐོན་མིན་པའི་ལོ་རིམ་སློབ་འགོ་ཚུགས་ཆོགསློབ་འགོ་ཚུགས་པའི་ཆ་རྐྱེན་འདང་མེད་པ་རྣམས་གནས་སྐབས་སློབ་འགོ་ཚུགས་རྒྱུ་ནར་འགྱངས་བྱེད་རྒྱུ།

    བཞི། སློབ་ན་མ་སོན་གོང་གི་སློབ་གསོ་དང་དམིགས་བསལ་སློབ་གསོའི་སློབ་གྲྭ་སློབ་འགོ་ཚུགས་པའི་དུས་ཚོད་ཟུར་དུ་བརྡ་ཐོ་བཏང་རྒྱུ་ཡིན་པ་རེད།