ཡུལ་ཤུལ་གསར་པ་ལོ་བཅུ་ལ་སོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-14   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་འཕྲིན་སྟེགས།

    ལོ་བཅུའི་གོང་གི་ཟླ་4ཚེས་14ཉིན་ས་ཡོམ་ཆེན་པོ་ཞིག་གིས་མཚོ་སྔོན་ཡུལ་ཤུལ་ལ་གནོད་འཚེ་ཚབས་ཆེན་བཟོས། དེ་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར། ལྷག་དོན་མཚོ་སྔོན་ཞིང་ཆེན་དང་ཡུལ་ཤུལ་ཁུལ་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་། རྒྱ་ཆེ་བའི་མི་དམངས་མང་ཚོགས་བཅས་ནས་དཀའ་སྤྱད་འབད་འཐབ་ཀྱིས་ཡོམ་འགོག་གནོད་སེལ་རྗེས་ཀྱི་བསྐྱར་བསྐྲུན་ལས་དོན་ལེགས་པར་བསྒྲུབས་པས། མིག་སྔར་མི་རིགས་ཀྱི་ཁྱད་ཆོས་ཟབ་ལ་དེང་རབས་ཀྱི་ཉམས་འགྱུར་གྱིས་རབ་ཏུ་ཕྱུག་པའི་ཡུལ་ཤུལ་གསར་པ་ཞིག་གཙང་གསུམ་ཆུ་མགོར་བསྐྲུན་ཚར་ཡོད་པ་རེད། ལོ་བཅུའི་རིང་ཡུལ་ཤུལ་མི་དམངས་ཀྱིས་དྲིན་ཚོར་གྱི་བསམ་པ་ཡིད་ལ་བཅངས་ནས་དཀའ་སྤྱད་འབད་འཐབ་བྱས་པས།   ས་གནས་དེ་གའི་བྱ་གཞག་ཁག་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་ཀྱང་རྒྱུན་ཆད་མེད་པར་སླར་གསོ་དང་ཆེ་རུ་ཕྱིན་ཡོད་པ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཡུལ་ཤུལ་གསར་པས་སླར་ཡང་གཙང་གསུམ་ཆུ་མགོ་ནས་རང་ཉིད་ཀྱི་མཛེས་པའི་བཞིན་དཔལ་ངོམས་བཞིན་ཡོད། 

ད་ལྟའི་ཡུལ་ཤུལ་གྱི་རྣམ་པ་གསར་པ། 

ཡུལ་ཤུལ་གྱི་སྡོད་ཁང་གསར་པ། 

བག་ཡངས་ངང་རྒྱུ་བའི་གཙོད་ཀྱི་ཁྱུ་ཚོགས། 

རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས། 

དེང་རབས་ཅན་གྱི་སློབ་གྲྭ་གསར་པ། 

ཡུལ་ཤུལ་རྟ་རྒྱུག་ཐང་གི་ཁམས་པའི་ཕོ་རྒོད། 

འཕེལ་རྒྱས་ཆེན་པོ་བྱུང་བའི་མི་རིགས་རིག་གནས། 

གྲལ་ལྟར་སྒྲིག་པའི་བ་གམ་ཅན་གྱི་ཁང་བཟང་།