དཔྱིད་དུས་སྐྲ་བུད་ན་སྔོན་འགོག་གང་འདྲ་བྱ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-13   རྩོམ་ཁུངས།    ཉི་འོད་བོད་ལྗོངས།

    དཔྱིད་ཀ་སླེབས་མ་ཐག་མིའི་གཟུགས་པོའི་རྙིང་ཚབ་གསར་འབྱེད་བྱེད་ཚད་མགྱོགས་སུ་འགྲོ་བ་དང་། མགོ་བོའི་སྐྱི་ལྤགས་དང་སྐྲའི་རྙིང་ཚབ་གསར་འབྱེད་ཀྱང་མགྱོགས་སུ་འགྲོ་བཞིན་ཡོད། སྐྲའི་སྐྱེ་འཚར་གྱི་ཆོས་ཉིད་ལ་གཞིགས་ན། རྒྱུན་གཏན་མིའི་མགོ་ལ་སྐྲ་རྐང་ཁྲི་༡༠ཙམ་ཡོད་པའི་ནང་ནས་སྐྱེས་བཞིན་པའི་སྐྲ་ཡིས་༨༥%-༩༠%ཟིན་པ་དང་། སྐྱེས་མཚམས་ཆད་པའི་སྐྲས་༩%-༡༤%ཟིན་གྱི་ཡོད། འཚར་སྐྱེས་བྱེད་མཚམས་ཆད་པའི་སྐྲ་དེ་རྣམས་མགོ་བོ་བཀྲུ་བ་དང་། སྐྲ་ཤད་རྒྱག་པ་སོགས་ཀྱི་སྐབས་སུ་བུད་འགྲོ་བཞིན་ཡོད།  དེར་བརྟེན་སྐྲ་བུད་པའི་སྣང་ཚུལ་ལ་སྔོན་འགོག་བྱ་དགོས་ན་འཚོ་བའི་ཁྲོད་ཀྱི་བྱ་བ་ཆུང་ཙག་ནས་ཡིད་གཟབ་བྱ་དགོས།

༡.ནམ་རྒྱུན་འགྱིག་སྤོས་ཀྱིས་བཟོས་པའི་སྐྲ་ཤད་བེད་སྤྱོད་བྱ་རྒྱུ་མེད།

༢.ཉིན་མ་གཉིས་ནས་གསུམ་བར་མགོ་ཐེངས་རེ་བཀྲུ་དགོས།

༣.ཞག་ཚིལ་མང་བའམ་བུལ་གཤིས་ཆེ་བའི་འཁྲུད་རྫས་སྤྱད་རྒྱུ་མེད།

༤.ཐ་མག་འཐེན་ན་མགོའི་སྐྱི་ལྤགས་ཀྱི་ཁྲག་རྩ་ཕྲ་མོ་འཁུམས་ཏེ་སྐྲའི་སྐྱེ་འཚར་ལ་གནོད་འཚེ་བཟོ་བཞིན་ཡོད།

༥.ཨ་རག་དཀར་པོ་བཏུང་ཚེ་མགོའི་སྐྱི་ལྤགས་ལས་རླངས་དང་ཆུ་ཐོན་ཏེ་སྐྲ་བུད་བཞིན་ཡོད།

༦.གློག་ཀླད་རྒྱུན་རིང་བེད་སྤྱོད་བྱས་ཚེ་སྐྲ་བུད་བཞིན་ཡོད།

༧.ཉིན་ལྟར་སེམས་ཁྲལ་བྱེད་པ་དང་བློ་མི་བདེ་བ། དངངས་འཚབ་སོགས་བྱས་ཚེ་སྐྲ་བུད་བཞིན་ཡོད།

    རིགས་གཅིག་སྨན་པས་སྤྱིར་ཉིན་ལྟར་སྐྲ་རྐང་བཅུ་གྲངས་བུད་བཞིན་ཡོད་པ་དང་། གལ་སྲིད་སྐྲ་བུད་ཚད་རྐང་བརྒྱའི་ནང་ཚུན་ཡིན་ཚེ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས་ཐུགས་ཁྲལ་གནང་མི་དགོས།