སྐད་འཕྲིན་ཁུག་དམར་རིགས5གཏན་ནས་ལེན་མི་རུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-13   རྩོམ་ཁུངས།    གསོ་རིག་འཕྲིན་སྟེགས།

★རང་གི་ཆ་འཕྲིན་བསྐང་དགོས་པའི་ཁུག་དམར་འཕྲོག་མི་རུང་།

    སྐད་འཕྲིན་ཁུག་དམར་ང་ཚོའི་འཚོ་བར་ཐོན་པ་ནས་བཟུང་། ཁུག་དམར་འཕྲོག་པ་དང་ཁུག་དམར་བསྐུར་བ་ནི་རྒྱུན་ལྡན་གྱི་འཚོ་བའི་བྱ་འགུལ་ཞིག་ཏུ་གྱུར་ཡོད།

    ཉེ་ཆར་སྐད་འཕྲིན་ཁུག་དམར་སྤྱད་དེ་གློག་འཕྲིན་མགོ་སྐོར་གཏོང་བའི་གྱོད་གཞི་ཇེ་མང་དུ་འགྲོ་བཞིན་འདུག་པས། ཚང་མས་ངེས་པར་དོགས་ཟོན་བྱེད་དགོས།

    ཁུག་དམར་ཁ་ཤས་ཀྱི་ཁ་ཕྱེ་པ་ན་ནང་དུ་སྦྲེལ་མཐུད་ཞིག་ཡོད་ལ། ཐོབ་ཐང་ལག་ཁྱེར་ཨང་གྲངས་སོགས་མི་སྒེར་གྱི་ཆ་འཕྲིན་རབ་དང་རིམ་པ་བསྐངས་ན་སྒོར་མོ་ངེས་ཅན་ཞིག་ཡོད་པའི་ཁུག་དམར་ཞིག་ལེན་ཐུབ་པར་བཤད་པ་ཡིན། སྤྱིར་བཏང་གི་སྐད་འཕྲིན་ཁུག་དམར་ནི་དེའི་སྟེང་དུ་མནན་མ་ཐག་ཏུ་ཁུག་དམར་ལེན་ཐུབ་པ་དང་། རང་འགུལ་གྱིས་སྐད་འཕྲིན་སྒོར་ཁུག་ནང་སླེབས་ཡོད་པས། མི་རང་གི་ཆ་འཕྲིན་བསྐང་མི་དགོས།

★ཚོང་པའི་བྱ་དགའི་ཁུག་དམར་འཕྲོག་མི་རུང་།

    ཚོང་པ་ཁ་ཤས་ཀྱིས་དོ་ཁུར་པར་བསྐུར་བའི་ཁུག་དམར་གྱི་ཁ་ཕྱེ་པ་ན། “ཁྱེད་རང་ལ་སྒོར་དུ་ཙམ་གྱི་ཁུག་དམར་ཐོབ་པར་རྟེན་འབྲེལ་ཞུ་བ་དང་།ཁྱེད་ཀྱིས་རང་གི་གྲོགས་པོ་དེའི་ནང་དུ་བཅུག་ན། ཁྱེད་ཀྱི་ཁུག་དམར་ནང་གི་སྒོར་མོ་ཇེ་མང་དུ་འགྲོ་ངེས”ཞེས་བྲིས་ཡོད།

    གནས་ཚུལ་དེའི་རིགས་དང་འཕྲད་སྐབས།ཁྱོད་ཀྱིས་ཁུག་དམར་དེ་སྐད་འཕྲིན་ཚོགས་པའི་ནང་དུ་བསྐུར་ཏེ་གྲོགས་པོ་དང་མཉམ་དུ་ཁུག་དམར་ཕྲོགས་ན། གཡོ་འོག་དུ་ཚུད་སོང་བ་རེད། དེའི་རྒྱུ་མཚན་ནི་དེ་ནི་ཚོང་པའི་ཐབས་བཀོད་ཡིན་པ་ལས། སྒོར་མོ་གཏན་ནས་མེད་ལ། དམིགས་ཡུལ་ནི་སྐད་འཕྲིན་གྱི་མནོན་ཐེངས་ཇེ་མང་དུ་གཏོང་བ་ཙམ་རེད།

★སྒོར་གྲངས་མང་བའི་ཁུག་དམར་འཕྲོག་མི་རུང་།

    ཁུག་དམར་རིགས་ཤིག་གིས་མིའི་མིག་དབང་རང་དབང་མེད་པར་འཕྲོག་འགྲོ་བ་རེད། དེའི་སྟེང་དུ“666”དང“888”སོགས་ཀྱི་དངུལ་གྲངས་བྲིས་འདུག ད་ལྟའི་སྐད་འཕྲིན་ཁུག་དམར་ནང་གི་དངུལ་གྲངས་ནི་སྤྱིར་བཏང་དུ་སྒོར200ཙམ་ལས་མེད་པས། “666”དང“888”སོགས་དངུལ་གྲངས་བྲིས་པའི་ཁུག་དམར་གཏན་ནས་འཕྲོག་མི་རུང་།

★ཁུག་དམར་རྫུན་མ་གཏན་ནས་འཕྲོག་མི་རུང་།

    ད་ལྟ་ཁུག་དམར་རྫུན་མ་ཞིག་ཡོད་པ་དེའི་སྟེང་དུ“སྒོར་མོ་སྤྲོད་པ”དང“xxལ་སྤྲོད་དགོས”སོགས་བྲིས་ཡོད། གཡོ་སྒྱུ་ཅན་གྱིས་སྒོར་མོ་འབྱོར་རྗེས་ཀྱི་ལན་འཕྲིན་འཇོག་སར“སྒོར་མོ་སྤྲོད་པ”ཞེས་བྲིས་རྗེས། སྐད་འཕྲིན་ཚོགས་པའི་ནང་བསྐུར་ཏེ། གཞན་པར་ཁུག་དམར་ལེན་རྒྱུ་ཡོད་པའི་འཕྲུལ་སྣང་བཟོས་ཤིང་། ད་དུང་དེའི་སྟེང་དུ་གསང་གྲངས་འབྲི་དགོས་པས། དོན་དངོས་སུ་དེ་ནི་སྒོར་མོ་གཡོ་ལེན་བྱེད་པའི་ཐབས་ཤིག་རེད།

★ཆ་རྒྱུས་མེད་པའི་མིས་བསྐུར་བའི་ཁུག་དམར་འཕྲོག་མི་རུང་།

    གལ་ཏེ་མི་ཆ་མེད་ཅིག་གིས་སྐད་འཕྲིན་ནང་སྐད་བཞག་སྟེ་ཁྱོད་ལ་བསྐུར་ནོར་བྱུང་བར་བཤད་པ་དང་། ཁུག་དམར་བླངས་རྗེས་ཁོར་ཕྱིར་སློག་དགོས་པའི་རེ་བ་བཏོན་ན། ཁུག་དམར་དེ་གཏན་ནས་ལེན་མི་རུང་། ཁུག་དམར་དེའི་རིགས་བླངས་ན་ལག་ཁྱེར་ཁ་པར་ལ་དྲ་དུག་ཕོག་པ་དང་། རྗེས་སུ་ཁུག་དམར་བསྐུར་བའི་སྐབས་སུ། སྐད་འཕྲིན་གྱི་དངུལ་སྤྲོད་གསང་གྲངས་གཞན་ལ་ཤོར་ཟིན་པས། གཡོ་སྒྱུ་ཅན་གྱིས་ཁྱོད་ཀྱི་ཁ་པར་དངུལ་ཁང་དང་གཏོང་སྤྲོད་དངུལ་སོགས་ཀྱིས་གསང་གྲངས་བརྐུ་ཐུབ་པ་རེད། །