བོད་ལྗོངས་ལྷ་ཉིང་ལྕགས་ལམ་གྱི་སྦྲེལ་མཐུད་དྲ་བའི་ཀ་རྟེན་སྒྲོམ་གཞི་འདིང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-13   རྩོམ་ཁུངས།    མི་དམངས་དྲ་བ།

ཟླ་4ཚེས་8ཉིན་ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུས་ཀྱི་ལས་གྲྭའི་ལག་རྩལ་མི་སྣས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཁོངས་སུ་སྦྲེལ་མཐུད་དྲ་བའི་ཀ་རྟེན་སྒྲོམ་གཞི་འདིང་བཞིན་པ།

     མིག་སྔར། ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུས་ཀྱིས་བསྐྲུན་འགན་འཁུར་བའི་ལྷ་ཉིང་ལྕགས་ལམ་གློག་འདོན་མ་ལག་སྦྲེལ་མཐུད་དྲ་བའི་ཀ་རྟེན་ལས་གྲྭ་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ཞིང་། ལྷ་ཉིང་ལྕགས་ལམ་གྱི་ཁྱོན་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་435ལྷག་ཙམ་ཡོད་པར་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཇུས་འགོད་བྱས་ཡོད་པ་ནི་བོད་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད།

འདི་ནི་ཨར་ལས་མི་སྣས་ལྷ་ཉིང་ལྕགས་ལམ་ཉིང་ཁྲི་ནས་གངས་དཀར་ཁུལ་དབར་གྱི་ལྕགས་ལམ་གྱི་སྒྲོམ་གཞི་འདིང་བཞིན་པ།