བོད་ལྗོངས་ཀྱི་ས་ཕྱོགས་གང་སར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-13   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འདི་ནི་ཕ་བོང་ཁའི་མཐའ་འཁོར་དུ་ཁམ་བུའི་མེ་ཏོག་བཞད་པ།

    སྤྱི་ཟླ་བཞི་པ་ཤར་ཚུན། ལྷ་སའི་ས་ཕྱོགས་གང་སར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་། ལྷ་སའི་བྱང་ཕྱོགས་ཀྱི་རི་སྐེད་དུ་གནས་པའི་ཕ་བོང་ཁའི་མཐའ་འཁོར་དུ་ཁམ་བུའི་མེ་ཏོག་བཞད་ནས་མཛེས་ཤིང་ལྟ་ན་སྡུག་པའི་དཔྱིད་ཉམས་ཡོངས་སུ་མངོན་ཡོད།

འདི་ནི་ཁམ་བུའི་མེ་ཏོག་ནས་ཆུ་ཐིགས་གཟག་པ།

འདི་ནི་ཁམ་བུའི་མེ་ཏོག་གསེབ་ཀྱི་ཕ་བོང་ཁའི་རྣམ་པ་ཡིན་པ།

འདི་ནི་ཕ་བོང་ཁའི་ཁམ་སྡོང་གསེབ་ནས་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱེད་པ།