ནགས་ཚལ་དང་སྤང་ཐང་གི་མེ་ཟོན་ཤེས་བྱ་ཉུང་བཏུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-10   རྩོམ་ཁུངས།    རྔ་སྒྲ།

        གཅིག    ནགས་ཚལ་དང་སྤང་ཐང་གི་མེ་ཟོན་ཁུལ་དུ་སྐྱོད་པའི་རླངས་འཁོར་སོགས་་ལ་ངེས་པར་དུ་ནགས་ཚལ་མེ་ཟོན་སྒྲིག་ཆས་ཡོད་དགོས་པ་དང་མེ་གསོད་ཡོ་ཆས་སྒྲིག་སྦྱོར་བྱེད་དགོས།

 

        གཉིས། ནགས་ཚལ་དང་སྤང་ཐང་གི་མེ་ཟོན་ཁུལ་དང་དེའི་ཉེ་འཁོར་དུ་མེ་ཐལ་ལུད་གསོག་དང་། གད་སྙིགས། རྩྭ་རྒོད། སོག་མ་བཅས་མེ་སྤར་བ། ཐ་མག་འཐེན་པ། ཤོག་བུ་བསྲེགས་པ། སྤོས་སྒྲོན་པ། མེ་བསྒོངས་ནས་སྤྲོ་གསེང་གཏོང་བ། ཤོག་སྦག་ཚོན་ཁྲ་ཅན་བཀད་པ་སོགས་བྱེད་མི་ཆོག

        གསུམ།    ནགས་ཚལ་དང་སྤང་ཐང་གཉེར་སྐྱོང་ཚན་པས་ངེས་པར་དུ་ནགས་ཚལ་མེ་ཟོན་གྱི་ཉེན་བརྡའི་དྲིལ་བསྒྲགས་མཚོན་རྟགས་འཛུགས་དགོས་པར་མ་ཟད། དེའི་གཉེར་སྐྱོང་ཁྱབ་ཁོངས་སུ་འཛུལ་མཁན་ལ་ནགས་ཚལ་མེ་ཟོན་གྱི་བདེ་འཇགས་དྲིལ་བསྒྲགས་བྱེད་དགོས།

         གོང་གསལ་གཏན་འབེབས་ལས་འགལ་ཚེ་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ་དང་གནས་ཚུལ་ཚབས་ཆེ་བའི་རིགས་ལ་ཉེས་དོན་གྱི་ཆད་པ་གཅོད་རྒྱུ་རེད།

        དེ་ལས་གཞན་ཚང་མས་མཉམ་འཇོག་བྱེད་དགོས་པ་ཞིག་ལ། བྱིས་པས་ནགས་ཚལ་ནང་དུ་མེ་རྩེ་བ་དང་། ནགས་ཚལ་དང་སྤང་ཐང་གི་ཁྲོད་དང་དེའི་ཉེ་འགྲམ་དུ་མེ་བཏང་མི་ཆོག སྨྱོན་པ་དང་། ཀླད་སྐྱོན་ཅན། བྱིས་པ་བཅས་ནགས་ཁུལ་དུ་འགྲོ་བར་བཀག་སྡོམ་བྱ་རྒྱུ་དང་། ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་བྱང་བུ་དང་རྒྱང་ལྟའི་སྟེགས་བུ་འཛུགས་དགོས། ནགས་ཁུལ་དུ་མེ་མདའ་དང་འབར་གས་ཀྱི་ལས་རིགས་གཉེར་མི་ཆོག ནགས་སྤང་ཁུལ་དང་ཉེ་བའི་སྡོད་དམངས་ཀྱིས་མེ་ཐབ་སྤྱོད་སྐབས། མེ་འགོག་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས་པ་དང་། ཁ་བཀབ་པའི་ཐལ་དོང་བཙུགས་ཏེ། ཐལ་ལས་མེ་མི་མཆེད་པར་བྱེད་དགོས། ནགས་ཚལ་དང་སྤང་ཐང་གི་མེ་ཟོན་ས་ཁོངས་ཀྱི་རླངས་འཁོར་སོགས་ལ་ངེས་པར་དུ་མེ་ཟོན་སྒྲིག་ཆས་ཡོད་དགོས་པ་དང་། ཁ་ལོ་བ་རྣམས་ཀྱིས་ངེས་པར་དུ་འགྲུལ་པར་ནགས་ཚལ་དང་སྤང་ཐང་གི་མེ་ཟོན་གྱི་དྲིལ་བསྒྲགས་སློབ་གསོ་བཏང་ནས་འགྲུལ་པས་དུད་སྣེ་དབྱུག་རྒྱུ་ནན་འགོག་བྱེད་དགོས།