བུད་མེད་ཀྱི་སྟོབས་ཤུཊ་གཅིག་ཏུ་སྒྲིལ་ནས་མཛེས་སྡུག་གི་ཁྱིམ་གཞི་སྐྲུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        དེ་སྔ་རྩྭ་ངན་རྫོབ་པ་དང་རྡོ་ཧྲུག་ཏུ་ཆགས་པའི་གྲོང་གསེབ་ཀྱི་འགྲོ་ལམ་ད་ལྟ་གཙང་ཞིང་གྲལ་འགྲིག་པོ་ཡོད་པ་དང་། སྔོན་ཆད་གད་སྙིགས་ཀྱིས་གང་བའི་ར་སྐོར་དེ་ད་ལྟ་མེ་ཏོག་གི་དྲི་བསུང་ཕྱོགས་བཞིར་འཐུལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་གྲོང་ཚོ་སྟོད་མའི་མི་སྡོད་ཁོར་ཡུག་གི་འགྱུར་ལྡོག་གླེང་ན། གྲོང་ཚོའི་བུད་མེད་མང་ཚོགས་ཀྱི་མཐུན་སྒྲིལ་དང་ཁ་འབྲལ་ཐབས་མེད། གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཡང་འཛོམས་ཀྱིས་གྲོང་ཚོ་ཡོངས་ཀྱི་བུད་མེད་སྟོབས་ཤུགས་གཅིག་སྒྲིལ་བྱས་པའི་སྲོག་ཤིང་ཞིག་ཏུ་གྱུར་ཡོད།

        གཡང་འཛོམས་ཀྱི་ཁྱིམ་དུ་སོང་བ་ནས། སྒོ་རའི་ནང་གྲལ་འགྲིག་ལ་གཙང་སྦྲ་དོད་པ་དང་། ཁང་པའི་ནང་དཀར་ཆ་དོད་པ། ཚ་དམ་དང་། སླ་ང་། གཞོང་བ། ཆུ་སྐྱོགས་བཅས་གྲལ་འགྲིག་པོར་བསྒྲིགས་པ། ཤིང་གཅལ་དང་ཅོག་ཙེ་གཙང་མར་ཕྱིས་ཡོད།

ཉེ་བའི་ལོ་འགའི་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། གཏེར་མ་རོང་ཤང་གིས་ཁྱིམ་གཞི་གཙང་བཅོས་ཀྱི་དཔྱད་བསྡུར་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་སོགས་ཀྱི་བྱེད་སྒོ་སྤེལ་བ་དེས་གཡང་འཛོམས་ལ་མྱོང་ཚོར་ཟབ་མོ་བྱུང་བ་དང་། གཡང་འཛོམས་ཀྱི་ངོས་ནས་བརྗོད་ན། དག་ཅིང་གཙང་མའི་ཁྱིམ་ཚང་གི་ཁོར་ཡུག་གིས་རང་ཉིད་ཀྱི་སེམས་ཁམས་སྐྱིད་པོ་ཡོང་བ་མ་ཟད། ནང་མིའི་འཚོ་བའི་རྣམ་པ་ལའང་འགྱུར་ལྡོག་བྱུང་ཡོད། མོས་གཙང་སྦྲ་བྱེད་རྒྱུར་དགའ་བ་དང་། ཟས་རིགས་གཙང་མ་ཟ་བ་དང་ཁྱིམ་ཆས་གཙང་མ་བྱས་ན། ཁྱིམ་མི་རྣམས་ནད་རིགས་མི་འབྱུང་བ་དང་མིའི་སྒྱིད་ལུག་ཀྱང་སྔོན་འགོག་བྱེད་ཐུབ་ཞེས་བཤད།

        ཁ་སང་ཕྱིས་མ་ཐག་པའི་དངོས་པོ་དེ་རིང་ད་དུང་ཐེངས་གཅིག་ཕྱི་དགོས་པ་དང་། གྲལ་དག་ཅིང་གྲ་འགྲིག་པོ་འཇོག་དགོས་པ། ད་དུང་ང་ཚོས་ཀྱང་འཕྲོད་བསྟེན་ལ་དང་དོད་བྱེད་དགོས་པའི་རེ་བ་བཏོན་ཡོད། ཡུན་རིང་འགོར་རྗེས་ཨ་མས་དམག་སྦྱོང་རང་བཞིན་གྱི་འཕྲོད་བསྟེན་དེ་རིམ་བཞིན་བཟའ་མི་ཡོངས་ཀྱི་གོམས་གཤིས་སུ་གྱུར་འདུག་ཞེས་གཡང་འཛོམས་ཀྱི་བུ་མོས་འདི་ལྟར་ཟེར། 2018ལོར།གཡང་འཛོམས་ཚང་ཤང་ཡོངས་ཀྱི་དག་གཙང་ཁྱིམ་གཞིའི་དཔེ་སྟོན་དུད་ཚང་དུ་བདམས་ཐོན་བྱུང་བ་རེད།

        གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཞིག་ཡིན་པའི་ངོས་ནས་ཁྱིམ་ཆུང་ལ་ལྟ་རྟོག་ཡག་པོ་བྱེད་པ་དང་ཆབས་ཅིག་གཡང་འཛོམས་ཀྱིས་ཀྱང་གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་ཞབས་ཞུའི་བྱེད་སྒོའི་ཁྲོད་སྣེ་ཁྲིད་དེ།ཧུར་ཐག་སྒོས་རྒྱ་ཆེའི་བུད་མེད་སྒྲིག་འཛུགས་དང་སྣེ་ཁྲིད་བྱས་ཏེ་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ནང་ཞུགས་པ་དང་།ཚོ་ཆུང་གི་འགྲོ་ལམ་ཤར་གཏོང་དང་ཁང་པའི་རྒྱབ་མདུན་གཙོ་གནད་དུ་བྱས་ནས་གཅིག་སྡུད་གཙང་འཕྱག་བྱས་པ་མ་ཟད། ད་དུང་ཁྱིམ་དུ་སྡོད་པའི་བུད་མེད་ལ་ཁོར་ཡུག་འཕྲོད་བསྟེན་གྱི་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ་དང་། ཚང་མར་ནང་རོགས་ཡག་པོ་བྱས་ནས་ཧུར་ཐག་སྒོས་ཁྱིམ་ཚང་ཡག་ཤོས་ཤིག་སྐྲུན་རྒྱུའི་གྲོས་འགོ་བཏོན་པ་རེད།གཡང་འཛོམས་ཀྱིས་ལྷག་པར་དུ་ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས་སྲིད་གཞུང་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་གྲོང་ཚོ་དང་། ཁྱིམ་ཚང་། དེ་བཞིན་མི་སྒེར་བཅས་ཀྱི་འཕྲོད་བསྟེན་ཡག་པོ་བྱེད་དགོས་པ་ནན་བཤད་བྱས་ཡོད། ཚང་མས་ཧ་རེ་ཧུ་རེ་གང་ཡང་བྱེད་མི་ཕོད་པར་ཉིན་ལྟར་ཞིང་ལས་ལས་ཚར་རྗེས་དུས་ཚོད་ཇི་ཙམ་འགོར་ཡང་ཁྱིམ་དུ་གཙང་སྦྲ་དང་དུག་སེལ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

        གཡང་འཛོམས་ཀྱི་ཤུགས་རྐྱེན་འོག་གྲོང་ཚོའི་ཁྱིམ་མཚེས་ཀྱི་འཚོ་བའི་གོམས་གཤིས་ཀྱང་ཤེས་མེད་ཚོར་མེད་ངང་འགྱུར་ལྡོག་བྱུང་ཡོད། དེ་སྔ་གད་སྙིགས་གང་བྱུང་དུ་དབྱུགས་པ་དང་། ད་ལྟ་གད་སྙིགས་མཐོང་ཚེ་འཐུབ་ནས་གད་སྙིགས་བླུགས་སྣོད་ནང་བླུགས་ཀྱི་ཡོད།   གཡང་འཛོམས་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་མིག་དཔེ་ཡིན་ཞིང་། རང་ཁྱིམ་དུ་གཙང་སྦྲ་ཡག་པོ་བྱས་པ་མ་ཟད། ཕྱི་རུ་ཞིང་ལས་བྱེད་པར་སྐྱོད་སྐབས་ཞིང་ཁ་དང་། ལམ་བུ། ཆུ་རྐ་སོགས་སུ་གད་སྙིགས་ཡོད་པ་མཐོང་སྐབས་མོས་གཙང་སྦྲ་ཡག་པོ་བྱེད་ཀྱི་ཡོད། ང་ཚོས་མོ་ལ་མིག་དཔེ་ལྟ་གི་ཡོད་ཅེས་གྲོང་སྟོད་གྲོང་ཚོའི་གྲོང་མི་སྒྲོལ་དཀར་གྱིས་བཤད་བྱུང་།

        ད་ལྟ་གྲོང་ཚོའི་ནང་གི་སྐྱེས་པ་ཕལ་ཆེ་བས་ལོ་ལྟར་ཕྱི་ཕྱོགས་སུ་ཡོང་འབབ་བཙལ་དུ་འགྲོ་གི་ཡོད་པས།ང་ཚོ་བུད་མེད་བར་དེ་བས་མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་བྱས་ཏེ་ཁྱིམ་མཚེས་འཆམ་མཐུན་ཡོང་བ་བྱེད་དགོས་པ་ལས།རྨོངས་ཚོད་ཀྱིས་བསྡུར་རེས་བྱེད་པའི་སྣང་ཚུལ་ངན་པ་ཇེ་ཉུང་དུ་གཏོང་དགོས་པ་དང་བརྩོན་བསྲིས་གྲོན་ཆུང་གི་སྲོལ་རྒྱུན་དར་སྤེལ་བཏང་ནས་ཚང་མ་མཉམ་དུ་ཕྱུག་པོ་ཆགས་པ་དང་ང་ཚོའི་གྲོང་ཚོ་དེ་བས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་གཡང་འཛོམས་ཀྱིས་བཤད་བྱུང་།

        གྲོང་ཚོའི་ཕྱི་རོལ་དུ་ཤེས་དཔལ་དར་བ་དང་། ད་ལྟའི་རྣམ་པ་གསར་པའི་གྲོང་ཚོའི་ནང་གྲོང་མིས་མཛེས་སྡུག་གི་འཚོ་བར་རེ་སྙེག་བྱེད་པ་མཚོན་གྱི་ཡོད། གྲོང་ཚོ་སྟོད་མའི་བུད་མེད་ཚོས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ཁྲོད་ཐོན་པའི་ཐུན་མོང་མ་ཡིན་པའི་སྟོབས་ཤུགས་ཀྱང་མངོན་གྱི་ཡོད་པ་རེད།