ཟླ་བཞི་པར་བདེ་ཆེན་དུ་སྟག་མ་མེ་ཏོག་རྣམ་པར་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་བ་བཞི་པར་གནམ་གཤིས་རིམ་བཞིན་དྲོ་བ་དང་བསྟུན་ནས། བདེ་ཆེན་གྱི་ས་ཆ་སོ་སོར་མེ་ཏོག་སྣ་ཚོགས་རིམ་བཞིན་བཞད་པ་དང་། དེའི་ཁྲོད་ཆེས་མཛེས་ཤིང་ལྟ་ན་སྡུག་པ་ནི་སྟག་མ་མེ་ཏོག་ཡིན་ལ།  མདོག་དམར་པོ་དང་དཀར་པོ། ཟིང་དཀར་གྱི་སྟག་མ་མེ་ཏོག་ནགས་ཁྲོད་དུ་རྣམ་པ་བཀྲ་ནས་ཡིད་ཀྱི་དུངས་བ་དབང་མེད་དུ་དྲངས། 

        ཁ་བ་ཐེངས་ཞིག་བབས་རྗེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་ཚང་རྒྱབ་གྲོང་གི་དཔྱིད་ཀ་ལ་ཐུན་མོང་མ་ཡིན་པའི་མཛེས་རྣམ་ཞིག་བསྣན་ཡོད་ལ།  ཁ་བ་དང་སྟག་མ་མེ་ཏོག་གཉིས་ཀ་ཕན་ཚུན་རྒྱན་སྤྲས་ནས་མི་ཡུལ་གྱི་དག་ཞིང་ཞིག་ཏུ་འགྱུར་འདུག

        འབའ་ལུང་རྫོང་ཡུང་ཁྲོན་ཤང་སི་པའོ་གྲོང་ཚོའི་སྟག་མ་མེ་ཏོག་བཞད་དེ་ཡུལ་སྐོར་བ་དང་གྲོང་མི་མང་པོའི་མིག་དབང་འགུག་ཡོད།

        སྟག་མཆོང་གྲོག་རོང་གྲོང་རྡལ་ཧོང་ཆི་གྲོང་ཚོའི་མཛེས་སྡུག་ལྡན་པའི་སྟག་མ་མེ་ཏོག་ཡལ་གའི་སྟེང་དུ་བཞད་ཡོད་ལ།   གྲོང་ཚོ་དང་རི་ལྡེབས་སུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཡོད།