བདེ་ཆེན་ཁུལ་གྱིས་དུས་བཀག་ལྟར་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

         ཉིན་ཤས་གོང་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་ཁུལ་བཅའ་སྡོད་སྲིད་གྲོས་ལས་ཁུངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭར་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་བརྟག་དཔྱད་དང་ཞིབ་བཤེར་བྱས་པ་བརྒྱུད་གནད་སྨིན་ལྟ་སྐུལ་གཏིང་ཟབ་ཏུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་བྱ་ཐབས་གསར་གཏོད་བྱེད་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་འབོར་གཉིས་ལྡན་གྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་པ་རེད།

        ལྟ་སྐུལ་བྱེད་རིང་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་འཐབ་འཛིང་ལ་ལྟ་སྐུལ་བྱེད་པའི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་ནན་དུ་གཏོང་བ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྡེ་ཚན་གྱིས་དབུལ་སྐྱོར་དང་། དམངས་སྲིད། ནོར་སྲིད་སོགས་སྡེ་ཚན་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་མང་ཚོགས་ཀྱི་ཉེན་ཡོད་སྡོད་ཁང་གི་གནས་ཚུལ་ལ་གནད་སྨིན་ཞིབ་བཤེར་བྱེད་པ་དང་འབྲེལ། ལས་ཀའི་དམིགས་ཚད་ལས་འགན་ལ་དམིགས་པ། ལས་ཀའི་འཆར་གཞི་བཟོ་བ། དུས་ཚོད་ཀྱི་མཚམས་ཚིགས་ལྡོག་སྒྲིག་བཅས་བྱས་ཏེ་གཙོ་གནད་བྱ་ཡུལ་རིགས་4དང་གཙོ་གནད་བྱ་ཡུལ་མིན་པའི་རིགས4ལ་ནུས་པ་མེད་པའི་སྡོད་ཁང་རྒྱག་པའི་དུད་ཚང་གི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལས་གྲྭའི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་བ་རེད། ཉེན་ཡོད་ཁང་པ་ཡོངས་སུ་གཙང་བཤེར་ནན་མོ་བྱེད་པའི་ཚད་གཞིར་གཞིགས་ནས་ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུ་ལྷན་གྱི་ཁུལ་རུ་བཅའ་སྡོད་བྱེད་པའི་སྲིད་གྲོས་ལས་ཁུངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཚོ་ཆུང་གིས་ཞན་ཆ་དང་ཆད་ལུས་སྔར་བས་རྩད་ཆོད་མཐའ་གསལ་ཐུབ་པ་དང་། དུད་ཚང་རེ་རེ་བཞིན་གནད་དོན་གྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ་གསེད་བཀྲོལ་བྱེད་པ། དམིགས་ཚད་ལྡོག་སྐུལ་དང་བཅོས་སྒྲིག་གི་ཨང་གྲངས་མེད་པ་བཟོ་བ་བཅས་བྱས་ནས་མང་ཚོགས་དབུལ་པོའི་གཞི་རྩའི་སྡོད་ཁང་གི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཡོད། 

        མིག་སྔའི་བར་ཁུལ་ཡོངས་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་དུད་ཚང་64417ལག་བསྟར་བྱས་པ་དེས་ཁུལ་ཡོངས་ཀྱི་ཞིང་དུད་ཀྱི་80%བཟུང་བ་དང་ཕན་པ་ཐོབ་པའི་མི་འབོར་ཁྲི་22.5ལྷག་ཙམ་ཟིན་ནས་ཉེན་ཡོད་ཁང་པ་སྒྱུར་བཀོད་གཙང་སེལ་གྱི་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་ཡོད།

        སྔར་ནས་ད་བར་དུ་བདེ་ཆེན་ཁུལ་གྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ད་དུང་དབུལ་སྐྱོར་དང་རྩིས་བཤེར་སོགས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁུངས་སྣེ་ཕྱོགས་གཉིས་རྩིས་སྤྲོད་ལམ་སྲོལ་བཙུགས་ཏེ་གནད་དོན་གྱི་ཁུངས་སྣེ་སྔོན་ལ་ཐག་གཅོད་དང་ཞིབ་བཤེར་ནན་པོ་དང་མགྱོགས་མྱུར་ངང་ཐག་གཅོད་བྱས་ཡོད་པ་རེད། ན་ནིང་ནས་བཟུང་སྟེ་ཁུལ་ཡོངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་གནད་དོན་གྱི་ཁུངས་སྣེ་146ལ་ཆད་གཅོད་བྱས་པ་དང་། གྱོད་གཞི་146ཐག་གཅོད་བྱས་ནས་ཐག་གཅོད་ཚད་100%ཟིན་ཡོད་པ་རེད།