གྲོང་གསེབ་ཡུལ་སྐོར་གྱིས་དབུལ་སྐྱོར་འབབ་འཕར་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།ཉི་འོད་འོག་སེར་མདོག་གི་འདམ་ལ་དྲི་ཞིམ་འཐུལ་ཞིང་། ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྟོད་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།ཉི་ཤར་ཤང་ཐང་སྟོད་གྲོང་ཚོ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉེ་འགྲམ་གྱི་སྤྲོ་གསེང་ཁུལ་གལ་ཆེན་ཞིག་རེད། གྲོང་ཚོ་དེ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་གྲོང་ཚོ་ཞིག་ཡིན་པ་དང་ཡུན་ནན་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཚོ་ཞིག་ཡིན། འབྲི་ཆུའི་ཕྱོགས་བསྡུས་རིག་གནས་ཡུལ་སྐོར་ཁུལ་གྱི་སྣོད་བཅུད་ཡུལ་སྐོར་ཐོན་རྫས་གཙོ་བོར་བྱས་པའི་གྲོང་ཚོ་གལ་ཆེན་ཞིག་ཀྱང་ཡིན།

    ཉེ་བའི་ལོ་ཤས་རིང་། ཉི་ཤར་ཤང་སྲིད་གཞུང་གིས་ས་གནས་རང་གི་དངོས་ཡོད་དང་ཟུང་འབྲེལ་བྱས་ནས། གྲོང་གསེབ་ཀྱི་སྣོད་བཅུད་སྤྲོ་གསེང་དང་། ཡུལ་སྐོར་ལྟ་སྐོར། རིག་གནས་སློབ་གསོའི་རིན་ཐང་བཅས་སྔོག་འདོན་གང་ལེགས་བྱས་ཏེ་ཐང་སྟོད་གྲོང་ཚོའི་ད་ཡོད་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་གྲོང་ཚོ་དེ་ཚོང་ལས་ཞབས་ཞུ་འཕེལ་རྒྱས་དང་ཁྱད་ལྡན་བཟའ་བཏུང་། ཡུལ་སྐོར་ཞག་སྡོད་བཅས་གཙོ་བོར་བྱེད་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ཁུལ་དུ་གཏོད་རྒྱུ་དང་། དེ་ཉིད་ཉི་ཤར་ཤང་གི་རིག་གནས་འགྲེམས་སྟོན་སྐར་ཁུང་དུ་བྱས་ནས།    ཉི་ཤར་གྱི་སྣོད་བཅུད་དང་། བཟོ་སྐྲུན། སྒྱུ་རྩལ། དམངས་སྲོལ་རིག་གནས་སོགས་ཀྱི་ཁྱད་ཆོས་གང་ལེགས་མངོན་པ་དང་། སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་དང་སྤྱི་འདོམས་འཕེལ་རྒྱས་དང་། ཞབས་ཞུ་གསབ་རེས།   ཆ་འགྲིག་མཉམ་སྤྱོད་བཅས་བྱས་ཏེ་ཐོན་ལས་དང་པོ་དང་གསུམ་པ་མཉམ་འགུལ་དང་། ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ནས་རིག་གནས་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་བྱས་ཏེ་གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད།