ཉི་ཤར་ཐང་སྟོད་ཀྱི་ཁམ་བུའི་མེ་ཏོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


         ཁམ་བུའི་མེ་ཏོག་ནི་དཔྱིད་ཀའི་ཕོ་ཉ་ལྟ་བུ་སྟེ།   དཔྱིད་མགོ་མ་ཚེས་པའི་རྟགས་མཚན་ཡིན་ལ།  སེམས་ཀྱི་ཉི་ཟླའི་དཔྱིད་ཀའི་མཛེས་ལྗོངས་གཙོ་བོ་ཞིག་ཀྱང་ཡིན་པ་རེད། ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁུལ་བྱང་ཕྱོགས་ཀྱི་ལེ་དབར་ཉི་ཤུ་ཡས་མས་ཀྱི་མཚམས་སུ་ཡོད་པའི་ཉི་ཤར་ཐང་སྟོད་གྲོང་ཚོའི་ཉེ་འགྲམ་དང་ས་ཞིང་གི་མཐའ་སྐོར། ཁྱིམ་ཚང་གི་ལྷས་རའི་ནང་སོགས་ཕྱོགས་སོ་སོ་ནས་ཁམ་བུའི་མེ་ཏོག་གིས་རྣམ་པར་སྤྲས་ཡོད་ལ།ལས་བརྩོན་པའི་བུང་ཚོགས་ཀྱིས་སྙན་པའི་མགྲིན་གླུ་ལེན་བཞིན་མེ་ཏོག་གི་ཚོམ་བུའི་ཁྲོད་ན་སྦྲང་རྩིའི་བཅུད་ལ་རོལ་བཞིན། དེ་མིན་དཔྱིད་ཀའི་མཛེས་ལྗོངས་དང་ལྷག་པར་དུ་དཔྱིད་ཀའི་མེ་ཏོག་ལ་རེ་སྒུག་བྱས་ནས་ཡུན་རིང་འགོར་བའི་ཡུལ་སྐོར་བ་མང་བོ་ཡང་གནས་འདིར་ཡོང་ནས་ཁམ་བུའི་མེ་ཏོག་གི་རྒྱས་སྟོན་འདིར་རོལ་བཞིན་ཡོད།

      ཁམ་བུའི་མེ་ཏོག་གིས་ཡུལ་སྐོར་བ་རྣམས་ལ་སྤྲོ་སྐྱིད་ཀྱི་སྣང་བ་སྟེར་བཞིན་ཡོད་ལ། འདི་ནི་ཆུ་གཙང་རི་སྔོ་ནི་གསར་རི་དངུལ་རི་ལས་ཀྱང་ལྷག་ཅེས་པའི་བསམ་བློ་ལག་བསྟར་བྱས་པའི་དགེ་མཚན་ཡིན་པ་ཐེ་ཚོམ་མེད།