བདེ་ཆེན་གྱི་ལྗོངས་ཁུལ་ཆེ་གྲས་ཁག་གིས་འགོག་སྲུང་ཡག་པོ་བྱས་ཏེ་ཡུལ་སྐོར་བ་བསུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས་རིག་གནས་ཡུལ་སྐོར་ལས་རིགས་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་དང་ཡུལ་སྐོར་ཁྲོམ་ར་རིམ་བཞིན་སྒོ་མོ་ཕྱེ་བ། ཁུལ་ནང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེ་ནས་ཡུལ་སྐོར་བ་བསུས་པ་དང་། ཟླ་4པའི་ཚེས་1ཉིན་བར་སུམ་རྩེན་གླིང་ལྗོངས་ཁུལ་སྒོ་ཕྱེ་བས་ཁུལ་ཡོངས་ཀྱི་མཛེས་ལྗོངས་ཁུལ་ཚང་མ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་རེད།

པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཟླ་3པའི་ཚེས་24ཉིན་ལ་སྒོ་ཕྱེ་པ་ནས་བཟུང་། ཉིན་རེའི་ཡུལ་སྐོར་བ་ཕལ་ཆེར་མི་ཐེངས་200ཡས་མས་ཡིན་པ་དང་།  ཟླ་4པའི་ཚེས་4ཉིན་གྱི་བར་དུ་ལྗོངས་ཁུལ་གྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་2360སྣེ་ལེན་བྱས་ཡོད་པ་དང་། ན་ནིང་གི་དུས་མཚུངས་ཀྱི་ཉིན་གཅིག་གི་སྣེ་ལེན་བྱེད་ཚད་དང་འདྲ།

        རང་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་ཏུ་ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱས་པ་དང་ལྗོངས་ཁུལ་དུ་བསྐྱོད་ན་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་ལྟར། ཡུལ་སྐོར་བ་ཚང་མས་ངེས་པར་དུ་ཁ་རས་གྱོན་པ་དང་“བདེ་ཐང་ཨང་རྟགས”བསྟན་པ།  དངོས་མིང་ཐོག་ནས་སྤ་སེ་ཉོ་བ་དང་འབྲེལ་གཟུགས་པོའི་དྲོད་ཚད་གཏན་འཁེལ་བྱས་རྗེས་ད་གཟོད་མཛེས་ལྗོངས་ཁུལ་དུ་བསྐྱོད་ཆོག་པ་རེད། མཛེས་ལྗོངས་ཁུལ་གྱི་སྒོ་ཁར་ལུས་དྲོད་ཞིབ་བཤེར་བྱེད་ས་བཙུགས་ཡོད་པ་དང་། ཡུལ་སྐོར་བས་མཛེས་ལྗོངས་ཁུལ་དུ་བསྐྱོད་སྐབས་ལུས་དྲོད་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་དང་། སྔོ་ལྗང་ཨང་རྟགས་སྟོན་དགོས། ཐོབ་ཐང་ལག་ཁྱེར་གྱི་དངོས་མིང་ཐོ་འགོད་བཅས་བྱེད་དགོས་པ་དང་། འཁྲུད་མི་དགོས་པའི་དུག་སེལ་གཤེར་ཁུ་བཀོད་སྒྲིག་བྱས་ཡོད། ལས་དོན་མི་སྣས་ཁ་རས་དང་ལག་ཤུབས་གྱོན་ནས་ཡུལ་སྐོར་བར་འབྲེལ་བ་གང་ཡང་མེད། མཛེས་ལྗོངས་ཁུལ་ཚང་མར་འཕྲལ་སྡོམ་ལོགས་སུ་བཀར་བ་དང་འབྲེལ་ཁུལ་ནད་ཡམས་སྔོན་འགོག་ཚོད་འཛིན་སྡེ་ཚན་དང་འབྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ནས་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་རྒྱུ་ཡིན་པ་རེད།

སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཟླ་3པའི་ཚེས་16ཉིན་ནས་ཟླ་3པའི་ཚེས་29ཉིན་གྱི་བར་དུ་ཡུལ་སྐོར་བ་མི་ཐེངས་5024སྣེ་ལེན་བྱས་ཡོད་པ་དང་ན་ནིང་གི་དུས་མཚུངས་ལས་89%ཉུང་དུ་ཕྱིན་ཡོད།

        རང་ཁུལ་གྱི་ཡུལ་སྐོར་ལྗོངས་ཁུལ་ཚང་མས་ཧུར་ཐག་སྒོས་《ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་བདེ་འཇགས་དཔལ་འབྱོར་འཁོར་སྐྱོད་ཀྱི་བྱེད་ཐབས་22སྐོར་གྱི་བསམ་འཆར》དང་ལེན་བྱེད་དེ་སྤ་སེའི་རིན་གོང་50% གཟིགས་སྐྱོང་བྱས་པ་དང་། དུས་མཚུངས་སུ་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་དང་ཡུལ་སྐོར་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐུལ་སློང་དང་གྲོས་འགོའི་གཏན་འབེབས་དང་ལེན་བྱེད་དེ། ཡུལ་སྐོར་ལྗོངས་ཁུལ་ལས་འགོ་ཚུགས་པ་ནས་2020ལོའི་ཟླ་12པའི་ཚེས་31ཉིན་གྱི་བར་དུ།  བདེ་ཆེན་ཁུལ་ནང་ཁོངས་ཀྱི་Aརིམ་པའི་ལྗོངས་ཁུལ་ཡོངས་ཀྱིས་ཧུའུ་པེ་ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་ ཁག་གི་སྨན་དོན་མི་སྣ་དང་རྒྱལ་ཡོངས་ཀྱི་ཧུའུ་པེར་རོགས་སྐྱོར་སྨན་བཅོས་འགྲོ་མཁན་གྱི་སྨན་པ་རྣམས་ལ་རིན་མེད་ཀྱིས་སྣེ་ལེན་བྱ་རྒྱུ་ཡིན། (གོ་ཆོད་པའི་ལག་ཁྱེར་འཁྱེར་དགོས། )

འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱིས་ཟླ་3པའི་ཚེས་16ཉིན་ལ་སྒོ་ཕྱེ་པ་ནས་ཟླ་4པའི་ཚེས་4ཉིན་གྱི་བར་དུ་ཡུལ་སྐོར་བ་མི་ཐེངས་1114སྣེ་ལེན་བྱས་ཡོད་པ་དང་།  ན་ནིང་གི་དུས་མཚུངས་ལས་92%ཉུང་ཡོད།

        རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སུ་མཛེས་ལྗོངས་ཁུལ་གྱིས་མིག་སྔའི་རིམས་ནད་ལ་ཁ་གཏད་གཅོག་པའི་དགོས་མཁོར་བསམ་བློ་གཏོང་གི་ཡོད་ལ།  མཛེས་ལྗོངས་ཁུལ་འཕེལ་རྒྱས་ཀྱི་དགོས་མཁོར་ཡང་ལྟ་རྟོག་བྱས་ཏེ་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཕྱོགས་གཅིག་ནས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ལ་དམ་འཛིན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀ་ལས་རྒྱལ་ཁ་ལེན་རྒྱུ་རེད།

སུམ་རྩེན་གླིང་ལྗོངས་ཁུལ་གྱིས་ཟླ་4པའི་ཚེས་1ཉིན་གྱི་ཆུ་ཚོད་12པའི་ཐོག་སྒོ་ཕྱེ་པ་ནས་བཟུང་།  ཉིན་རེའི་སྣེ་ལེན་བྱེད་ཚད་ཕལ་ཆེར་མི་ཐེངས་200ཡས་མས་ཡིན་པ་དང་། ཚེས4ཉིན་གྱི་བར་དུ་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་80%ཉུང་ཡོད།