དགའ་ལྡན་སུམ་རྩེན་གླིང་གིས་ཞལ་འདོན་བྱས་པ་དང་མར་མེ་ཕུལ་ནས་མྱ་ངན་ཞུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-04   རྩོམ་ཁུངས།    བདེ་ཆེན་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།

        ཟླ་4པའི་ཚེས་4ཉིན། དགའ་ལྡན་སུམ་རྩེན་གླིང་གིས་རྒྱལ་དར་ཕྱེད་མར་ཕབ་ནས་མྱ་ངན་ཞུ་བའི་དུས་མཚུངས་སུ། གྲྭ་བ་རྣམས་ཀྱིས་ནང་བསྟན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་བྱེད་ཚུལ་ལྟར་མར་མེ་སྟོང་ཕྲག་ཕུལ་ནས་སྔོན་གཤེགས་དཔའ་བོ་དང་ཚེ་འདས་སྤུན་ཟླ་ལ་སྙིང་དབུས་ནས་མྱ་ངན་ཞུས་པ་རེད། ད་དུང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དུས་རིང་དུ་གནས་ཡོད་པའི་རྐྱེན་གྱིས་གྲྭ་བ་རྣམས་མཉམ་དུ་འཛོམས་མི་ཆོག་པས་ལས་རེས་བྱེད་ཡོད་པའི་གྲྭ་བ་འགའ་ཡིས་འདུ་ཁང་གི་མདུན་དུ་ཕྱོགས་གཅིག་ནས་ཞལ་འདོན་བྱས་པ་དང་ཕྱོགས་གཅིག་ནས་མར་མེ་ཕུལ་བ།  གྲྭ་བ་གཞན་དག་གིས་ཁམས་ཚན་སོ་སོར་ཞལ་འདོན་བྱས་པ་དང་མར་མེ་ཕུལ་བ་རེད།

        ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། དགའ་ལྡན་སུམ་རྩེན་གླིང་དང་དེའི་ཁམས་ཚན།  གྲྭ་བ་རྣམས་ཀྱིས་ཧུར་ཐག་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ནུས་ཤུགས་འབུལ་ཡོད་དེ་སྒོར་ཁྲི་113ལྷག་གི་ཞལ་འདེབས་ཕུལ་བ་དང་།  མཐོ་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གས་ཀ་ལས་རྒྱལ་ཁ་ལེན་ཐུབ་པ་ལ་ཆོས་ལུགས་ལས་རིགས་ཀྱི་ནུས་ཚད་དྲང་པོ་གོང་བུར་འགྲིལ་བ་དང་འདོན་སྤེལ་བྱས་ཡོད་པ་རེད།

        དགའ་ལྡན་སུམ་རྩེན་གླིང་ནི་ཡུན་ནན་ཞིང་ཆེན་གྱི་གཞི་ཁྱོན་ཆེས་ཆེ་བའི་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་ཡིན་ལ། དགོན་པ་དེ་ལ་ཁམས་ཚན་བརྒྱད་དང་གྲྭ་བ་བདུན་བརྒྱ་ལྷག་ཡོད་པ་རེད།