​2020ལོའི་ཟླ4བའི་ཚེས4ཉིན་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-03   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་དང་སྐུ་གཤེགས་པའི་སྤུན་ཟླར་མྱ་ངན་ཞུ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་རིང་སྤྱི་བསྒྲགས་སྤེལ་ནས2020ལོའི་ཟླ4པའི་ཚེས4ཉིན་རྒྱལ་ཡོངས་རང་བཞིན་གྱི་མྱ་ངན་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། དེའི་རིང་རྒྱལ་ཡོངས་དང་ཕྱིར་སྡོད་གཞུང་ཚབ་ཁང་གིས་རྒྱལ་དར་ཕྱེད་ཀ་མར་ཕབ་ནས་མྱ་ངན་ཞུ་རྒྱུ་དང་རྒྱལ་ཡོངས་སུ་སྤྱི་པའི་རོལ་རྩེད་ཀྱི་བྱེད་སྒོ་སྣ་ཚོགས་མཚམས་འཇོག་རྒྱུརེད། ཟླ4པའི་ཚེས4ཉིན་གྱི་ཆུ་ཚོད10པ་ནས་བཟུང་རྒྱལ་ཡོངས་མི་དམངས་ཀྱིས་ངག་བསྡམས་ནས་དུས་ཚོད་སྐར་མ3རིང་མྱ་ངན་ཞུ་སྐབས་རླངས་འཁོར་དང་མེ་འཁོར། གྲུ་གཟིངས་བཅས་ཀྱིས་དུང་བརྡ་གཏང་རྒྱུ་དང་མཁའ་ཟོན་ཉེན་བརྡ་གཏང་རྒྱུ་རེད། །