རྒྱ་བོད་ཤན་སྦྱར་ཕན་ཚིག་འབྲུ་བརྒྱ་མ།

རྩོམ་པ་པོ།   མཁས་གྲུབ།  ཡིག་བསྒྱུར།       དུས་ཚོད།   2020-04-02   རྩོམ་ཁུངས།    ཁམས་པའི་བོད་ཡིག་དྲ་བ།

ནོར་གྱིས་དབུལ་ཡང་གྲོགས་པོར་མགོ་སྐོར་མ་གཏོང་།།

འབྱོར་བས་ཕྱུག་ཀྱང་དྲིན་ཅན་བརྗེད་དུ་མི་རུང་།།

སྤྱོད་པ་བཟང་པོ་རྒྱུ་ནོར་ལས་ཀྱང་གལ་ཆེ།།

བརྩེ་བ་དྭངས་མ་ཁེ་ཕན་ལས་ཀྱང་རྩ་ཆེན།།

མི་ཚེ་ཐུང་ངུར་བློས་ཐུབ་གྲོགས་འགར་འཕྲད་པ།།

རང་གིས་བསགས་པའི་ཚོགས་དང་བསོད་ནམས་ཡིན་ཞིང་།།

ཁྱོད་རང་ཉམ་ཐག་དབུལ་ཞིང་ཕོངས་པའི་དུས་ན།།

གྲོགས་པོས་གཞོགས་དང་རྒྱབ་ནས་སྐྱོར་རོགས་བྱེད་ཅིང་།།

འཁྱག་དུས་གོས་དང་ལྟོགས་དུས་ཟས་ཀྱི་ལྷག་བསམ།།

སེམས་ཁམས་གྲང་མོར་མཛའ་བའི་དྲོད་ཁོལ་སྦྱིན་པ།།

འགྲོགས་འདྲིས་བརྩེ་བ་དུས་དང་རྣམ་པ་ཀུན་ཏུ།།

སྙིང་གི་དཀྱིལ་དང་སེམས་ཀྱི་མཐིལ་ལ་ཉར་དགོས།།


再穷,不坑朋友;再富,不忘恩人。

人活着,品行比钱财重要,情义比利益珍贵。
人的一生很短暂,遇到几个好朋友不容易。
在你穷困潦倒的时候,是朋友的,会伸手帮你,雪中送炭温暖了你的心,时日再久,也要记得这份情义。