རི་མགོར་འགོ་སྐབས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-01   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན།

 རི་མགོར་འགོ་བའི་སྐབས་སུ་ལུས་པོ་སྔོན་ལ་སྒུར་བ་དང་། སྐེད་པ་སྔོན་ལ་སྒུར་ནས་གོམ་པ་བརྟན་པོས་སྔོན་དུ་བསྐྱོད་དགོས། བྲག་རྡོ་འབའ་འབུར་མི་སྙོམས་པའི་ས་རུ་འགྲོ་སྐབས་རྐང་པ་རྡོ་ལེབ་དང་ས་ངོས་སྙོམས་པོར་སྤོས་ནས་འགྲོ་དགོས། རི་མགོར་འགོ་བའི་སྐབས་སུ་མཐོ་སར་བལྟ་བའི་གོམས་གཤིས་བསྒྱུར་དགོས་པ་དང་། ལྷག་པར་དུ་ཐོག་དང་པོར་རི་ངོས་སུ་འགོ་དུས་རི་ངོས་དང་ཡང་ན་བྲག་ངོས་སུ་བལྟས་ན་མིར་ལུས་ཐང་ཆད་པའི་སྣང་བ་སྐྱེས་འོང་།


རི་ལས་མར་འབབ་དུས་ལུས་སྟོད་ལྟག་ཀར་དགྱེ་ནས་གོམ་པ་ཐུང་ངུ་དང་བརྟན་པོར་སྤོས་ནས་འབབ་དགོས་པ་ལས། མགྱོགས་མྱུར་གྱིས་འབབ་མི་རུང་། དུས་མཚུངས་སུ་རྐང་པའི་པུས་མོའི་ཤ་གནད་ལྷོད་པོར་གཏོང་བ་ལས་སེམས་འཚབ་འཚུབ་བྱུང་ན་རྐང་པའི་རུས་ཚིགས་ཀྱི་ལྷུ་ཚིགས་ལ་གནོན་ཤུགས་བསྐྱེད་ནས་ཤ་གནད་ན་བའི་སྣང་ཚུལ་ཐོན་གྱིན་ཡོད་པ་རེད། 

  འགྲོས་མྱུར་གོམ་བགྲོད་བྱེད་སྟངས་ཡང་དག་པ་གང་ཡིན།

 འགྲོས་མྱུར་གོམ་བགྲོད་མ་བྱས་པའི་སྔོན་ལ་གྲ་སྒྲིག་གང་ལེགས་བྱེད་དགོས་ཏེ། ཤ་གནད་གནོན་པ་དང་རྒྱུས་པ་ཕུར་ཕུར་བྱེད་པ། དེ་མིན་གཤམ་མར་སྡོད་པ་སོགས་ཀྱི་འགུལ་སྐྱོད་བྱས་ནས། རང་ཉིད་ཀྱི་སྙིང་ཁམས་དང་ཤ་གནད་ཇེ་བདེར་གཏོང་དགོས།


འགྲོས་མྱུར་གོམ་བགྲོད་ཀྱི་འགུལ་སྐྱོད་བྱེད་ཤུགས་ནི་དལ་མོ་ནས་མགྱོགས་པོར་གཏོང་བ་དང་། འགུལ་སྐྱོད་དུས་ཚོད་ཀྱང་ཐུང་བ་ནས་རིང་བར་བྱེད་དགོས་ཏེ། འགུལ་སྐྱོད་བྱས་རྗེས་ལྷོད་གཡེང་དུ་གཏོང་བའི་འགུལ་སྐྱོད་བྱེད་དགོས། གོམ་འགྲོས་ཚང་མ་འདྲ་མཉམ་ཡིན་རུང་ལུས་སྦྱོང་བྱེད་སྐབས་གོམ་པའི་འགྲོས་དང་ཤེད་ཤུགས་འདོན་ཚད་སོགས་མི་རང་ཉིད་ཀྱི་འགུལ་སྐྱོད་ནུས་པ་ལྟར་ཐག་གཅོད་དགོས། ལུས་སྦྱོང་བྱེད་སྐབས་སེམས་འཚབ་པ་དང་། མགོ་ན་བ། ཤེད་མེད་པ། སྙིང་གི་ལྡིང་ཚད་སྙོམ་པོ་མིན་པའི་སྣང་ཚུལ་མེད་ན་ཇེ་མགྱོགས་སུ་གཏོང་བ་དང་། མགོ་བོ་ན་བ་དང་སྙིང་གི་ལྡིང་ཚད་མགྱོགས་ན་རིམ་བཞིན་ཇེ་དལ་དུ་གཏོང་དགོས། འགྲོས་མྱུར་གོམ་བགྲོད་ཀྱི་འགུལ་སྐྱོད་བྱེད་སྐབས་བྲང་ཁ་དགྱེ་བ་དང་མིག་གིས་མདུན་ཕྱོགས་སུ་བལྟ་བ། ལུས་སྟོད་ཅུང་སྔོན་དུ་སྒུར་བ་དང་ལག་པ་གཉིས་ཕུང་བོའི་གཞོགས་གཉིས་སུ་དཔྱངས་ནས་འགུལ་སྐྱོད་བྱེད་པ་དང་། སེམས་གཞན་ལ་མི་གཡེང་བར་རྒྱུན་ལྡན་ལྟར་དབུགས་གཏོང་ལེན་བྱེད་པ། འགྲོས་མྱུར་གོམ་བགྲོད་བྱེད་སྒང་དུ་གློ་བུར་སྦྱོང་བརྡར་བྱེད་མཚམས་འཇོག་མི་རུང་།

   ཡང་དག་པའི་སྒོ་ནས་བགྲོད་ལུགས་བྱེད་ཐབས་སྦྱོང་བརྡར་བྱས་ན་ལུས་པོར་ཐང་ཆད་པའི་སྣང་ཚུལ་ཐོན་མི་སྲིད་པར་མ་ཟད། ད་དུང་རྐང་པ་དང་ལག་པ། པུས་མོ་སོགས་ལ་གནོད་སྐྱོན་ཐེབས་མི་ཐུབ།