སྒྲུང་པ་གྲགས་པ་ལགས་ཀྱི་མཛད་རྗེས་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-30   རྩོམ་ཁུངས།    གེ་སེར་གཞི་གྲངས་སྟེགས་བུ།

     དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་ལོ་མཇུག་དང་ལོ་རབས་བརྒྱད་ཅུ་པའི་སྟོད་དུ། རང་རྒྱལ་གྱི་སྲིད་འབྱོར་རིག་གསུམ་བྱ་གཞག་ཁག་ཉམས་པ་སླར་གསོ་བྱུང་ནས་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་ལ་ཚད་མཐོའི་མཐོང་ཆེན་ཐོབ་པ་བྱུང་། བོད་རིགས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་མོ་གེ་སར་རྒྱལ་པོའི་རྣམ་ཐར(བསྡུས་མིང་ལ་གེ་སར་སྒྲུང་ཞེས་འབོད།)མྱུར་སྐྱོབ་བྱེད་པའི་བྱ་གཞག་ཁྲོད་སྒྲུང་པ་སྐད་གྲགས་ཅན་མང་པོ་ཞིག་བྱུང་ཞིང་། དེ་ལས་གྲགས་པ་ནི(1906—1986)བོད་རིགས་ཀྱི་གེ་སར་སྒྲུང་མཁན་འཐུས་ཚབ་མི་སྣ་ཞིག་ཡིན་ལ་དགུང་ལོ་བགྲེས་ཤོས་ཀྱང་རེད། ཁོང་ཉིད་དགུང་ལོ་བགྲེས་ནའང་སྒྲུང་བཤད་པ་སྙན་ཞིང་འཇེབས་ལ་གོ་བདེ་བ། བརྗོད་བྱའི་དོན་གྱི་གོ་རིམ་ལྡན་པས་ཉན་མཁན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། 


    སྤྱི་ལོ1985ལོའི་ཟླ2ཚེས28ཉིན་ཧྥིར་ལན་དུ་འཚོགས་པའི《ཁ་ལི་ཝ་ལ》དཔེ་སྐྲུན་བྱས་ནས་ལོ་བརྒྱ་དང་ལྔ་བཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་རང་རྒྱལ་གྱི་མཁས་པས་གྲགས་པའི་སྒྲུང་བཏང་བས་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཐོག་ཐེངས་དང་པོ་གྲགས་པ་ངོ་སྤྲོད་བྱས་པ་མ་ཟད་མཁས་པ་མང་པོས་གདེང་འཇོག་མི་དམན་པ་ཐོབ་ཏེ་རྒྱལ་སྤྱིའི་ཐོག་ནས་ཁས་ལེན་པའི་སྒྲུང་མཁན་ཐོག་མར་གྱུར། 

    སྤྱི་ལོ1981ལོར་རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་བདམས་པ་དང་ལོ་དེར་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་འདེམས་བསྐོ་བྱས་ནས་ཆབ་སྲིད་ཀྱི་གོ་གནས་ཡོད་པའི་སྒྲུང་མཁན་ཐོག་མར་གྱུར།

པཎ་ཆེན་སྐུ་ཕྲེང་བཅུ་པས་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ།

    སྒྲུང་མཁན་གྲགས་ཅན་གྲགས་པ་ནི་བོད་རབ་བྱུང་བཅོ་ལྔ་པའི་མེ་རྟ་ལོར(1906)བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་ཞིང་པའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས། དགུང་ལོ་དགུ་ལ་སོན་པའི་ལོ་དེར་ཁོའི་རྨི་ལམ་དུ་གེ་སར་རྒྱལ་པོའི་དཔལ་རྟུལ་འདན་མ་ཞང་ཁྲས་ཁོང་གི་ལྟོ་བ་བཤགས་རྗེས་དཔེ་ཆ་མང་པོ་འཁྱེར་ཡོང་ནས་ཁོག་ནང་དུ་བཙན་གྱིས་བརྫངས་པ་དང་ཕོ་བའི་སྟོད་སྨད་གཡས་གཡོན་ཐམས་ཅད་གང་བཅུག་རྗེས་ཁབ་སྐུད་དཀར་པོ་ཞིག་ཕྱིར་བཙེམས་ནས་ཁྱོད་ཉིད་ཚེ་རིང་ཡོང་ཐུབ་ཟེར་བཞིན་བུད་སོང་བ་རྨིས།   དེ་ནས་བཟུང་གྲགས་པ་ནི་སྔོན་དང་མི་འདྲ་བར་ཁ་ནང་ནས་གསལ་ལ་མི་གསལ་བའི་སྐད་ཆ་མཚམས་མེད་དུ་བཤད་པ་དང་ཉིན་གསུམ་འགྱངས་རྗེས་ད་དུང་སྔར་བཞིན་བདེ་ཐང་མ་བྱུང་སྟབས་ཐབས་སྣ་ཚོགས་འཐེན་པས། རང་ལོ་བཅུ་གསུམ་ལ་སླེབས་དུས་ཁོ་རང་རྨི་ལམ་ལས་སད་བྱུང་བ་རེད།  

1986ལོར། གྲགས་པས་པེ་ཅིན་སྲོག་ཆགས་གླིང་ནས་སྟག་ལ་གཟིགས་པ།

    ཁོང་ཉིད་ཆུང་ངུའི་དུས་སུ་ཕ་མ་དང་ལྷན་དུ་ངལ་རྩོལ་ལ་ཞུགས་ཏེ་དཀའ་བ་བརྒྱ་ཕྲག་མྱངས་མོད། ཡིན་ནའང་བཀྲེས་སྐོམ་འོབས་དོང་ལས་ཐར་ཐབས་མེད་པར།   གྲགས་པ་དགུང་ལོ་བཅུའི་སྟེང་ནས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་འཁྱམ་པོའི་འཚོ་བ་རོལ་ཞིང་སྒྲུང་ལ་བརྟེན་ནས་ཁ་གསོ་ཐབས་བྱས་པ་དང་། ཁོང་གི་སྒྲུང་བཤད་པ་སྙན་འཇེབས་ལྡན་པས་སྙན་གྲགས་གང་སར་ཁྱབ། དམངས་གཙོ་བཅོས་སྒྱུར་བྱས་རྗེས། ཁོང་གི་བཟའ་མི་གང་པོ་ཁྲིད་དེ་ཉིང་ཁྲི་ས་ཁུལ་ཡོང་ནས་ལམ་བཟོ་བའི་གྲས་སུ་ཞུགས་པ་དང་ལས་ཞོར་དུ་བཟོ་པ་རྣམས་ལ་གེ་སར་སྒྲུང་བཤད་པའི་གོ་སྐབས་བྱུང་། ཡིན་ནའང་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་ཁོང་ལ་འཐབ་རྩོད་བྱས་པ་མ་ཟད་སྒྲུང་མི་བཤད་པའི་དམ་བཅའ་འཇོག་ཏུ་བཅུག

    སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཀྱི་ལོ་རབས་བདུན་ཅུའི་དུས་མཇུག་ཏུ།  བོད་ལྗོངས་དགེ་འོས་སློབ་གླིང་གི་དགེ་རྒན་ཞིག་གིས་སྒྲུང་པ་གྲགས་པ་མཐོང་དུས་ཁོང་ནི་བགྲེས་སོང་ཞིག་ཏུ་གྱུར་ཟིན་ནའང་།   གེ་སར་སྒྲུང་ལ་མཐོང་ཆེན་དང་གོང་བཀུར་བྱས་པ་དང་ལོ་ངོ་བཅུའི་རིང་སྒྲུང་བཤད་མི་ཆོག་པ་མཇུག་རྫོགས་ནས་ཡང་བསྐྱར་གེ་སར་སྒྲུང་བཤད་མགོ་བརྩམས། སྤྱི་ལོ1978ལོར་བོད་ལྗོངས་དགེ་འོས་སློབ་གླིང་གི་དགེ་རྒན་ཚོས་མྱུར་སྐྱོབ་ཚོ་ཆུང་བཙུགས་ནས་གྲགས་པས་བཤད་པའི་སྒྲུང་དག་སྒྲ་ཕབ་མགོ་བརྩམས་པ།

སྤྱི་ལོ1978ལོར་བོད་ལྗོངས་དགེ་འོས་སློབ་གླིང་གི་དགེ་རྒན་ཚོས་མྱུར་སྐྱོབ་ཚོ་ཆུང་བཙུགས་ནས་གྲགས་པས་བཤད་པའི་སྒྲུང་དག་སྒྲ་ཕབ་དང་། ལེགས་སྒྲིག་དཔེ་སྐྲུན་བྱས། སྤྱི་ལོ1986ལོའི་ཟླ11ཚེས3ཉིན་གྱི་སྔ་དྲོར་སྒྲུང་བ་གྲགས་ཅན་གྲགས་པ་ལགས་སྐུ་གཤེགས་པ་དང་བོད་གངས་ཅན་གྱི་རྩོམ་རིག་སྒྱུ་རྩལ་གྱི་མཁའ་དབྱིངས་སུ་བཅོ་ལྔའི་དུང་ཟླ་ཞིག་སར་ལྷུང་བར་གྲགས། 

འཇོ་མདའ་རྫོང་དུ་ཡོད་པའི་གེ་སར་རྒྱལ་པོ་དང་བཙུན་མོ་འབྲུག་མོ་གཉིས་ཀྱིས་མིག་མངས་རྩེད་སྐབས་སྤྱད་པའི་རྡོ་ཆེན་ཤོ་གྲུ་བཞི་ཞིག་རེད་ཅེས་གྲགས། 

འདི་ནི་རི་བོ་ཆེའི་རྫོང་ཁྲ་འཁྱིལ་མའི་དགོན་དུ་ཡོད་པའི་གེ་སར་རྒྱལ་པོས་གཡུལ་འགྱེད་ལ་སྤྱོད་པའི་གསེར་སྒ་རེད་ཅེས་གྲགས། 

    ལོ་ངོ་བརྒྱད་ཀྱི་རིང་ལ་སྒྲུང་བ་གྲགས་པས་བཤད་པའི་སྒྲུང་སྒྲ་ཕབ་དག་ཆུ་ཚོད་སྟོང་ལ་ཉེ་བ་དང་སྒྲུང་ཁག་ཉེར་ལྔ་བཤད་དེ་སྒྲ་ཕབ་ཟིན་པ་དང་།  མིག་སྔའི་བར་དཔེ་ཆ་དེབ17དཔར་བཏབ་ནས་འགྲེམས་སྤེལ་བྱས་པ་འདི་ནི་མི་རྣམས་ཧ་ལས་དགོས་པའི་གྲངས་ཀ་ཞིག་ཡིན་ལ་རིན་པོ་ཆེ་ལྟ་བུའི་རིག་གནས་ཀྱི་ཤུལ་གཞག་ཀྱང་ཡིན། ཁོང་ཉིད་ངེད་ཅག་དང་ཁ་བྲལ་ཡང་སྒྲུང་ཁག25བཤད་དེ་སྒྲ་ཕབ་ཟིན་པ་དང་། སྙན་ངག་གི་རྐང་པ་འབུམ་དྲུག་ལ་སླེབས་ཤིང་ཡིག་འབྲུ་ཁྲི་ཕྲག་དྲུག་སྟོང་ལ་སླེབས་ཡོད། འདི་ནི་མི་རྣམས་ཧ་ལས་དགོས་པའི་གྲངས་ཀ་ཞིག་ཡིན་ལ། དེ་མིན་ཟད་མེད་ཀྱི་བསམ་པའི་རྒྱུ་ནོར་ཡང་ཡིན། གནའ་ནས་ད་ལྟའི་བར་གངས་ཅན་ལྗོངས་འདི་རུ་སྒྲུང་མཁན་གྱི་སྒྲུང་དཔེ་འདི་འདྲ་རིགས་མང་ཞིང་འདི་འདྲ་ཁ་ཚང་བ་ཞིག་བཞག་མ་མྱོང་། སྒྲུང་དཔེ་དེ་དག་གི་ནང་དུ་གྲགས་པའི་རྣམ་དཔྱོད་ཡངས་པའི་བློ་གྲོས་དང་ལྷན་སྐྱེས་ལྡན་པའི་སྒྱུ་རྩལ་བཅས་འདུས་ཤིང་། ཁོང་གི་ཚེ་སྲོག་གི་འབྲས་བུ་ཡང་ཡིན་ཞེས་བརྗོད་ཆོག ད་དུང་ཁོང་ཉིད་མེས་རྒྱལ་ལ་དགའ་ཞེན་དང་མི་དམངས་ལ་བློ་དཀར་ཞིང་དགའ་ཞེན་ཚད་མེད་ཡོད་པའང་མཚོན་འདུག དེ་ནི་ཁོང་གིས་མེས་རྒྱལ་དང་མི་དམངས་ལ་བསྐྲུན་པའི་འཛད་མེད་ཀྱི་ཕྱག་རྗེས་ཆེན་པོའང་ཡིན། 

1981ལོའི་ལོ་འགོར། འཇམ་དཔལ་རྒྱ་མཚོ(གཡོན)དང་སྐད་གྲགས་ཆེ་བའི་གེ་སར་སྒྲུང་པ་གྲགས་པ་དང་གཡུ་སྨན(དཀྱིལ)བཅས་མཉམ་དུ་འཛོམས་པ།