ཚེ་རིང་དབང་ལྡན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཚེ་རིང་དབང་ལྡན་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་(སྔོན་གྱི་རྒྱལ་ཐང་རྫོང་།)གཏེར་མ་རོང་ཞིན་ལན་གྲོང་ཚོ་ནས་སྐྱེས་ལ།  ཆུང་དུས་སུ་ཁྱིམ་ནང་ཧ་ཅང་དབུལ་པོ་ཡིན། 1950ལོར།ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་བདེ་ཆེན་དུ་བཅའ་སྡོད་བྱས་པ་དང་། ལོ་དེའི་ལོ་མཇུག་ཏུ་བཅིངས་འགྲོལ་དམག་མི་གཏེར་མ་རོང་དུ་བཅའ་སྡོད་བྱས་ལ། བཅིངས་འགྲོལ་དམག་མིའི་སྡོད་གནས་ཚེ་རིང་དབང་ལྡན་ཚང་ནས་ཐག་མི་རིང་བས་ཁོང་གིས་དམག་དཔུང་ལ་ལས་ཀ་ཙག་ཙིག་སྒྲུབ་པར་སོང་།

    1952ལོར། ཚེ་རིང་དབང་ལྡན་དམག་དཔུང་གིས་སྒྲིག་འཛུགས་བྱས་པའི་ཡུལ་དམག་ནང་ཞུགས་པ་དང་། དམག་དཔུང་གི་འགོ་ཁྲིད་ཀྱིས་ཁོའི་དམག་ལ་ཞུགས་སེམས་ཆེ་བ་མཐོང་ནས་དོན་གཅོད་ཁང་གི་ཁོངས་མིར་བསྡུས་ཏེ་གསར་བརྗེའི་ལས་ཀར་ཞུགས་པ།  1957ལོའི་ལོ་འགོར། ཁམས་ཁུལ་གྱི་ལོག་སྤྱོད་མཐོ་རིམ་ཉུང་ཉུང་གིས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་བ་དང་དམག་འཁྲུག་བདེ་ཆེན་དུ་ཁྱབ་པ། གཏེར་མ་རོང་ས་ཆའི་ས་ཁམས་གནས་ཡུལ་དམིགས་བསལ་ཡིན་པ་དང་ལོ་རྒྱུས་ནས་ལྷག་པའི་མི་རིགས་གནད་དོན་སྣེ་མང་རྙོག་འཛིང་ཡིན་པས་གནས་བབ་ཧ་ཅང་ཛ་དྲག་ཆེ་བ།  དུས་དེར་རྒྱལ་ཐང་རྫོང་ཨུས་རྫོང་དཔོན་སུན་ཀྲི་ཧོས་རུ་ཁག་ཅིག་ཁྲིད་ནས་གཏེར་མ་རོང་ཚེཡུང་དུ་བཅའ་སྡོད་མངགས་པར་ཐག་གཅོད་བྱས་ཏེ། ལས་བྱེད་མི་སྣ་དང་ཡུལ་དམག་ཁྱོན་མི་80ལྷག་ཡོད།ཟླ་3པའི་ཚེས་11ཉིན། གཏེར་མ་རོང་ནས་རྫོང་བར་གྱི་ཁ་པར་གློག་སྐུད་ངོ་ལོག་ཇག་པས་གཏོར་བཤིག་བཏང་ནས་ལས་བྱེད་རུ་ཁག་དང་རྫོང་ཨུ་བར་འབྲེལ་ཐག་ཆད་པ།  ཚེས་18ཉིན། ངོ་ལོག་ཇག་པས་མི་སྟོང་ལྷག་བསྡུས་ནས་ཚེ་ཡུང་བསྐོར་བ་དང་ལས་བྱེད་རུ་ཁག་སྡོད་གནས་ཀྱི་ཆུ་བཅད་པ།ཕྱོགས་གཉིས་ཕན་ཚུན་ཁ་གཏད་དུ་ལངས་པ་དང་འཇམ་འཐབ་རྒྱུན་མི་ཆད་པ།ཚེས་28ཉིན། སུན་ཀྲི་ཧོ་དང་ས་ཆའི་ཨུ་ལྷན་དང་གྲོས་བསྡུས་བྱས་ནས་ཚེ་རིང་དབང་ལྡན་དང་བཀྲ་ཤིས་དབང་པོ་ཟེར་བ་དང་གཉིས་སྐོར་རྒྱ་ལས་ཐར་ནས་འཕྲིན་ཡིག་སྐྱེལ་བར་མངགས།ཚེ་རིང་དབང་ལྡན་གྱིས་འགན་འཁྲི་དང་ལེན་བྱས་རྗེས་འཕྲིན་ཡིག་དོར་མའི་ནང་འཚེམ་པ་དང་།འགོ་ཁྲིད་ཀྱིས་སྤྲད་པའི་མེ་མདའ་དང་ལག་འབོམ་སྦས་ནས་མཚན་མོར་དཔུང་གཤག་སྟེ་འགོམ་སྟོད་ཕྱོགས་ནས་སོང་།  ལམ་བར་བཀྲ་ཤིས་དབང་པོས་ཐབས་བརྒྱ་ཇུས་སྟོང་གིས་ཚེ་རིང་དབང་ལྡན་ལ་མགོ་སྐོར་བཏང་ནས་ཁོང་གི་མེ་མདའ་ལ་གཅིག་ལྟ་འདོད་པ་ཟེར།ཚེ་རིང་དབང་ལྡན་གྱིས་མེ་མདའ་ཁོ་སྟེར་དུས་ཁོས་ཚེ་རིང་དབང་ལྡན་གྱི་གཡས་ལག་དང་གསུས་ཁོག་ལ་མེ་མདའ་རྒྱབ་པ། དེ་ནས་ཚེ་རིང་དབང་ལྡན་གྱིས་ལག་འབོམ་བཟུང་ནས་བཀྲ་ཤིས་དབང་པོ་མཐར་སྐྲོད་བྱས་པ།ཚེ་རིང་དབང་ལྡན་གྱི་གཡས་ལག་བཅག་པ་དང་གསུས་ཁོག་མེ་མདའ་ཕོག་ནས་རྒྱུ་མའང་ཕྱིར་མངོན་བྱུང་།  ཁོང་གིས་ན་ཟུག་དྲག་པོ་ཐེབས་ནས་འགོམ་སྟོད་ཕྱོགས་ལ་གོག་བགྲོད།  ཉིན་གསུམ་པའི་སྔ་དྲོར་འགོམ་ཕུའུ་འགྲམ་ཟིན་དུ་ཁོང་ལ་ངོ་ཤེས་པའི་ཨ་མ་རྒན་པོ་ཞིག་གིས་ཁོང་ལ་མཐོང་ནས་ས་ཁུལ་གྱི་སྲིད་གཞུང་ལ་ཡར་ཞུས་པ་དང་།  དམག་དཔུང་གི་སྨན་ཁང་གིས་མྱུར་སྐྱོབ་བྱས་རྗེས་ཚེ་རིང་དབང་ལྡན་སྲོག་ཉེན་ལས་ཐར་བ་རེད།

    1959ལོར། ཚེ་རིང་དབང་ལྡན་ལ་སྔར་གྱི་ཁུན་མིང་དམག་ཁུལ་གྱིས་གངས་ལྗོངས་དཔའ་བོ་ཞེས་པའི་མིང་བཏགས་པ་དང་། ཀྲུང་དབྱང་དམག་ཨུས་ཁོང་ལ་རྒྱལ་ཡོངས་ཡུལ་དམག་གི་དཔའ་བོ་ཞེས་པའི་མཚན་རྟགས་གནང་བ།  ལོ་དེར་ཁོང་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་བ་རེད།

    དུས་རབས་20པའི་ལོ་རབས་60ཡི་དུས་འགོར། སྐབས་དེར་ཚེ་རིང་དབང་ལྡན་གྱིས་ཞིན་ལན་རུ་ཆེན་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་བ་དང་། ཁོང་གིས་ཞིན་ལན་མི་དམངས་སྣེ་ཁྲིད་དེ་ཆུ་རྐ་གསར་དུ་བཟོ་བ་དང་ས་ཞིང་གསར་དུ་འབྱེད་པ།གྲོང་ཚོ་བར་གྱི་སྦྲག་ལམ་བཟོ་བ། ཆུ་བོའི་ཐོག་ཟམ་པ་བཙུགས་པ། ད་དུང་ཆུ་གློག་ས་ཚིགས་བཙུགས་ནས་གློག་སྒྲོན་གྱིས་སྒྲོན་ཤིང་གི་ཚབ་བྱས་པ་སོགས་བྱས་ནས་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་དུ་བཅུག

    1971ལོར།ཚེ་རིང་དབང་ལྡན་གྱིས་རྒྱལ་ཐང་རྫོང་ཨུའི་ཧྲུའུ་ཅིའི་འགན་འཁུར་བའི་རིང་དུ།ཡུན་ནན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་དུ་ཞུགས་ནས་ཡུན་ནན་ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞིང་ཨུའི་རྒྱུན་ཨུར་བདམས་པ།དེའི་རྗེས་སུ་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི།བདེ་ཆེན་ཡན་ལག་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དུ་བསྐོ་གཞག་བྱས་པ། ཞིང་ཆེན་དུ་ལས་ཀ་བྱེད་པར་བཏང་རྗེས་ཞིང་ཨུའི་འགོ་ཁྲིད་ཀྱིས་ཁོང་ལ་ནང་མི་ཚང་མ་ཁུན་མིང་དུ་སྤོ་བར་སྐུལ་སློང་བྱེད་དུས། ཁོང་གིས་ཁྱེད་ཚོས་ང་འཐབ་ས་དང་པོར་བཞག་པ་དང་གལ་སྲིད་ཉིན་ཞིག་ངས་ནོར་འཁྲུལ་བཟོས་ན།ངའི་ནང་མི་འདི་དག་ཐག་གཅོད་བྱ་དཀའ་རྒྱུ་རེད། ད་ལྟར་ང་གཅིག་པུ་ཡིན་པས་ནོར་འཁྲུལ་བཟོས་ནའང་ངས་ཉལ་ཐུལ་སྒྲིལ་ནས་ཕ་ཡུལ་དུ་ཞིང་བཏབས་འགྲོ་ཆོག་རེད་ཞེས་ལན་འདེབས་པ་རེད།