བདེ་ཆེན་གྱི་ས་རྒྱུ་དང་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2019ལོར། བདེ་ཆེན་ཁུལ་ཡོངས་སུ་ཞིང་ལས་ཐོན་རྫས་ཚད་ལས་བརྒལ་བ་དང་ཁོར་ཡུག་སྦགས་བཙོག་ཐེབས་པའི་དོན་རྐྱེན་ཐོན་མེད་ལ། སྤྱིའི་ཆ་ནས་ས་རྒྱུའི་སྦགས་བཙོག་བཀག་འགོག་ཐུབ་ལ། ས་རྒྱུའི་ཁོར་ཡུག་བདེ་འཇགས་འགན་ལེན་ཐུབ། ས་རྒྱུའི་ཁོར་ཡུག་གི་ཉེན་ཁར་ཡང་དོ་དམ་ཚོད་འཛིན་ཐུབ་པས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་མི་སྡོད་ཁོར་ཡུག་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ནས་ཁུལ་ཡོངས་ཀྱི་ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱས་ཡོད།  


        ས་རྒྱུའི་སྦགས་བཙོག་གི་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱ་རྒྱུར་དམ་འཛིན་བྱས་པ། ལོ་ཧྲིལ་པོར་གཙོ་གནད་ལས་རིགས་ཀྱི་ཁེ་ལས་63ལ་ས་རྒྱུའི་སྦགས་བཙོག་ཞིབ་བཤེར་གྱི་རྨང་གཞིའི་ཆ་འཕྲིན་ལ་ཞིབ་བཤེར་བྱས་པ་རེད།   

        གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་། ཁུལ་ཡོངས་ཀྱི་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་འགན་ལ་སྲིད་འཛིན་གྲོང་ཚོ་120ཡོད་ལ། 2016ལོ་ནས་2018ལོ་བར་ཁྱོན་80ལེགས་གྲུབ་བྱུང་། 2019ལོར་ཁག་28ལག་བསྟར་རྩིས་ལེན་བྱས་ཤིང་། ཁག་18ལེགས་གྲུབ་བྱས་ཟིན། སྲིད་འཛིན་གྲོང་ཚོ་10ཡི་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད། འཛུགས་སྐྲུན་གྱི་ནང་དོན་བོད་རིགས་ས་ཁུལ་གྱི་ཆེད་དོན་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པའི《བདེ་ཆེན་ཁུལ་གྱི་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས》ཡིན་པ་དང་། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་12740བཏང་ཡོད་ལ། འདིར་ཁུལ་ཡོངས་ཀྱི་འབྲེལ་ཡོད་ཤང་གྲོང་28འདུས་ཤིང་། 2020ལོར་འཛུགས་སྐྲུན་བྱེད་ཚར་རྒྱུ་ཡིན་པ་རེད། 

        སྣུམ་སྣོན་ས་ཚིགས་ཀྱི་ས་འོག་སྣུམ་ཟག་སྔོན་འགོག་ལ་སྒྱུར་བཀོད་བརྟན་པོ་བྱས་པ། ཁུལ་ཡོངས་ཀྱི་སྣུམ་སྣོན་ས་ཚིགས་72ནང་ནས་2བཤིག་ཟིན་པ་དང་། སྣུམ་སྣོན་ས་ཚིགས་70ལྷག་ཙམ་གྱི་ས་འོག་སྣུམ་སྣོད་238ལ་སྒྱུར་བཀོད་བྱས་ཟིན་པ་རེད། 

        རྣམ་གྲངས་ཚོད་ལྟའི་དཔེ་སྟོན་ལ་དམ་འཛིན་ཡག་པོ་བྱས། མ་དངུལ་སྒོར་ཁྲི་245བཏང་ནས《ཡུན་ནན་ནུབ་བྱང་གི་ས་མཐོའི་ལས་གྲྭས་གནོད་པ་བཏང་རྗེས་ཀྱི་རང་བྱུང་སླར་གསོའི་ལས་གྲྭའི་ལག་རྩལ་ལ་ཞིབ་འཇུག་དང་བེད་སྤྱོད་དཔེ་སྟོན་རྣམ་གྲངས》སྤེལ་བ་རེད། ནོར་སྲིད་ཚན་རྩལ་གྲོན་དངུལ་སྒོར་ཁྲི་10བཏང་ནས་རྫས་ལུད་དང་ཞིང་སྨན་ཉུང་གཏོང་གི་ཕན་འབྲས་ཆེ་བའི་ལག་རྩལ་ཀྲོ་མ་ཀྲུ་ཐོན་སྐྱེད་ཁྲོད་བཀོལ་སྤྱོད་བྱེད་པའི་དཔེ་སྟོན་རྣམ་གྲངས་ལག་ལེན་བསྟར་བ་རེད། 《བདེ་ཆེན་ཆེན་ཁུལ་གྱི་ལྕགས་རིགས་སྦགས་བཙོག་འཕྲལ་སྡོམ་ཚོད་འཛིན་ལས་གྲྭའི》རྣམ་གྲངས་མཇུག་འགྲིལ་ཞིང་། རྣམ་གྲངས་འདིའི་ནང་ལྕགས་རིགས་སྦགས་བཙོག་ཁུལ་དང་སྤྱོད་མེད་སྙིགས་མཛོད་བཅོས་སྒྲིག་དང་ཉམས་གསོ། ཆུ་ལམ་བཅོས་སྒྲིག་བཅས་ཚུད་པ་རེད།