ཅོ་ནེ་རིན་ཆེན་མཁར་གྱི་སྙན་རྩོམ༼གཞོན་སྐྱེས་ཚོར་ཕུལ་བའི་གླུ ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

དེང་གི་གསར་བུ་ཚོ་ལ།།

ཤེས་བྱ་ཡོན་ཏན་ཡོད་དགོས།།

དུས་རབས་རྗེས་སུ་ལུས་ཚེ།།

མི་ཡི་གྲལ་དུ་མི་ཚུད།།

 

དེང་གི་གསར་མོ་ཚོ་ནི།།

ཁྲེལ་ཡོད་གཞུང་དྲང་ཡིན་དགོས།།

རྫུན་དང་གཡོ་བསླུ་བྱས་ན།།

རྒྱུ་འབྲས་རྣམ་སྨིན་འཁོར་ཡོང་།།

 

དེང་གི་གསར་བུ་ཚོ་ཡི།།

བློ་ཁོག་སེམས་རྒྱ་ཡངས་དགོས།།

འཁོན་འཛིང་རྩེད་མོར་གཡེང་ནས།།

མི་ཚེ་འཕྲོ་བརླག་མ་གཏོང་།།

  

དེང་གི་གསར་མོ་ཚོ་ནི།།

བབ་ཆགས་སེམས་བཟང་ཡིན་དགོས།།

རྒྱན་ཤོམ་སྡུག་སྒྲུབ་བྱས་ཚེ།།

ཕྱི་ཚུལ་མཛེས་ཀྱང་ཅི་ཕན།།

 

དེང་གི་གསར་བུ་ཚོ་ལ།།

ཡར་སེམས་བརྩོན་འགྲུས་ལྡན་དགོས།།

སྒྱིད་ལུག་མར་བཅད་ཅན་པོས།།

མི་ཚེའི་རིན་ཐང་མི་རྙེད།།

 

དེང་གི་གསར་མོ་ཚོ་ནི།།

བག་ཡོད་ཚུལ་ལྡན་ཡིན་དགོས།།

རང་གཅུན་དད་སེམས་མེད་ན།།

གཞན་གྱིས་འཕྱ་བའི་གནས་རེད།།