ཧུའུ་པེར་སྨན་བཅོས་རོགས་སྐྱོར་དུ་སོང་བའི་མི་སྣས་བདེ་ཆེན་གྱི་ཡུལ་སྐོར་ལྗོངས་ཁུལ་18དུ་རིན་མེད་ཀྱིས་ལྗོངས་རྒྱུ་བྱེད་ཆོག་པ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        གསར་འགོད་པས་ཡུན་ནན་ཞིང་ཆེན་ཡུལ་སྐོར་མཐུན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུན་ནན་གྱིས་ཧུའུ་པེར་རོགས་སྐྱོར་དུ་སོང་བའི་སྨན་བཅོས་རུ་ཁག་ཕྱིར་ལོག་པར་དགའ་བསུ་དང་། ཁོ་ཚོར་གུས་འདུད་ཞུ་ཆེད་ཡུན་ནན་གྱི་ཁུལ་16གི་ལྗོངས་ཁུལ་280རུ་ཧུའུ་པེར་སྨན་བཅོས་རོགས་སྐྱོར་དུ་སོང་བའི་མི་སྣས་རིན་མེད་ཀྱིས་ཡུལ་སྐོར་ལྗོངས་རྒྱུ་བྱེད་ཆོག་པ་བྱས། དེའི་ཁྲོད་བདེ་ཆེན་གྱི་ཡུལ་སྐོར་ལྗོངས་ཁུལ་18འདུས་ཏེ་གཤམ་གསལ་ལྟར།

སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་ལྗོངས་ཁུལ།

ཁ་བ་དཀར་པོ་ལྗོངས་ཁུལ།

སྟག་མཆོང་གྲོག་རོང་ལྗོངས་ཁུལ།

སུམ་བཙན་གླིང་ལྗོངས་ཁུལ།

ལན་ཡུའེ་རི་ལུང་ལྗོངས་ཁུལ།

འབའ་ལྷག་དཀར་རྫོང་ལྗོངས་ཁུལ།

བྲག་དཀར་བོད་རིགས་སྐྱེ་ཁམས་ཡུལ་སྐོར་གྲོང་ཚོ།

མཐའ་ཆུའི་ཡུན་ནན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་།

རང་བྱུང་ཟམ་ལྗོངས་ཁུལ།

བདེ་ཆེན་དངོས་མང་བཤམས་སྟོན་ཁང་།

རྡོ་མཁར་རྗོང་སྤྱི་ཁང་།

སེམས་ཀྱི་ཉི་ཟླའི་ས་མཐོའི་སྐྱེ་དངོས་སྤྱི་གླིང་།

གནམ་མཚོའི་སྐྱེ་ཁམས་གླིང་།

སེམས་ཀྱི་ཉི་ཟླ་ཡ་ལ་བསྭོ་དམངས་ཁྲོད་རྟ་རྩལ་འཁྲབ་སྟོན་རིག་གནས་བརྗེ་རེས་ལྟེ་གནས།

སེམས་ཀྱི་ཉི་ཟླའི་དཀྱིལ་འཁོར་རིག་གནས་བཤམས་སྟོན་ཁང་།

སེམས་ཀྱི་ཉི་ཟླའི་ཡང་ཐང་ཆུའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ།

གནས་མཆོག་ནོར་ནག་རིག་གནས་ཁྱབ་སྤེལ་ལྟེ་གནས་ལྗོངས་ཁུལ།

སེམས་ཀྱི་ཉི་ཟླའི་རྒྱལ་ཐང་ལྗོངས་ཁུལ།