དྲོད་འཇམ་གྱི་ཉི་འོད་ཁྲོད་ནས་རྡོ་མཁར་རྫོང་གི་ལྷིང་འཇགས་ལ་རོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

   

    ཟླ་ལ་དཔྱིད་ཟླ་ཚེས། དཔྱིད་ལ་དྲོད་བཤེར་རྒྱས།  བདེ་ཆེན་མཐོ་སྒང་དུ་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་དང་བསྟུན་ནས་ཡུལ་འདི་ཡོངས་སུ་སྐོར་བའི་རྫ་རི་དང་སྤང་རིས་ཁ་བས་གཡོགས་པའི་ལྗིད་ཏིག་ཏིག་གི་དགུན་ལྭ་དེ་ཕུད་འགོ་བརྩམས་ཤིང་། འབྲུ་ལ་ལྗང་ལོ་དང་རྩྭ་ལ་ལྗང་མྱུག་འབུས་འགོ་རྩོམ་བཞིན་ཡོད།

    དཔྱིད་འགོ་འདིར་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་ནི་དྲོད་འཇམ་གྱི་ཉི་འོད་ཁྲོད་ན་སྔར་ལས་སྨུག་མདངས་ལྡན་ལ། བག་འཇམ་གྱི་དཔྱིད་རླུང་ཁྲོད་ན་སྔར་ལས་ཅ་ཅོ་མེད་པར་ལྷིང་འཇགས་སུ་ཡོད། ལོ་ངོ་སྟོང་ལ་རྟ་ཕོའི་རྨིག་རྗེས་ཀྱིས་བཅགས་པའི་ཀྱག་ཀྱོག་གི་ལམ་ཕྲན། སོས་དལ་གྱི་གོམ་ཁ་དང་ཁྱེད་ཀྱི་རྒྱབ་གཟིགས།

    འདི་ནི་གནའ་བོའི་ཇ་རྟའི་འདྲེན་ལམ་གྱི་ཚོང་ར་ཆེན་པོ་ཞིག་ཡིན་ལ། གྱེས་བྲལ་གྱི་གདུང་བ་དང་ནམ་ཡང་ཁྱེད་ཀྱི་ཞེ་ནས་འབོར་ཐབས་མེད་པའི་བརྩེ་དུང་འཚོལ་ས་དེ་ཡིན། ལྕང་སྡོང་གི་ཡལ་གའི་གསེབ་ནས་བྱེའུ་ཆུང་གི་མགྲིན་གླུ་ཐོས་ཡོང་ལ། ལན་རེར་ཤིང་ལ་མེ་ཏོག་ཐོགས་པའི་དྲི་ཞིམ་དེ་རླུང་གི་སྐྱེལ་ཡོང་། སྐབས་འདིར་ཁོ་ཧྥེ་ཕོར་གང་གི་དྲོད་འཁོལ་དང་དཔེ་དེབ་གཅིག་གི་ཚིག་སྣེ་ནས་འཇུས་ན། དེ་ནི་བདེ་སྐྱིད་ཅིག་ཡིན་ལ། ཁྱེད་ཀྱི་དཀའ་བ་སངས་པའི་སྨན་མཆོག་ཅིག་ཀྱང་ཡིན།