སང་ལོར་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རེ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-19   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

    ཟླ3པའི་ཚེས་16ཉིན། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་སྨན་གླིང་ཆན་ཧྥུའུ་10ཡི་གློག་སྒྱུར་ཁང་མཐོ་གནོན་གློག་སྒོའི་སྒམ་བདེ་བླག་ངང་སྒྲིག་སྦྱོར་བྱས་ཤིང་། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་གློག་ཤུགས་ཆེད་ལས་གཞི་ཁྱོན་ཆེ་བའི་ལས་གྲྭ་འགོ་ཚུགས་པ་རེད།  ཉེ་བའི་ལོ་གཉིས་རིང་། ལྷ་ཉིང་ལྕགས་ལམ་གྱི་ཟམ་པ་དང་ཕུག་ལམ་མགྱོགས་པོ་སྐྲུན་པ་དང་། ལྕགས་ལམ་འདིང་བ་དང་གློག་ཤུགས་སྒྲིག་ཆས་སྒྲིག་སྦྱོར་ཚར་ནས། མིག་སྔར་གོ་རིམ་ལྡན་པའི་ངང་ཨར་ལས་བྱེད་བཞིན་ཡོད།

    བོད་ལྗོངས་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་གྲངས་གཞི་ལས་མངོན་པར། ཟླ་2པའི་ཟླ་མཇུག་བར་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་272བཏང་བ་དང་། ལྕགས་ལམ་ཧྲིལ་པོར་ཕུག་ལམ་47ནས་44ཏལ་འབིགས་ཐུབ་ཡོད་ལ། ཟམ་པ་120ལས་119བསྐྲུན་ཟིན་པ། ལྕགས་ལམ་འདིང་བ་དང་བབས་ཚུགས་སྐྲུན་པའི་ལས་ཀ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ལྷ་ཉིང་ལྕགས་ལམ་ནི་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་ཡིན་པ་དང་། རིང་ཚད་ཧྲིལ་པོར་སྤྱི་ལེ་435.48ཡོད་ཅིང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཇུས་འགོད་བྱས་པ་དེ་ནི་བོད་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད། 

    ལྕགས་ལམ་ཧྲིལ་པོའི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བས་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་75%ཡན་ཟིན་པ་དང་། མིག་སྔར། འཛུགས་སྐྲུན་གྱི་འགག་རྩའི་དུས་སུ་བསླེབས་ཡོད་པས། སྔོན་དཔག་བྱས་ན། 2021ལོར་ལེགས་འགྲུབ་བྱུང་སྟེ་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།