ཉི་ཤར་ནས་མཐའ་ཆུ་བར་གྱི་ལམ་ཁར་ཡུལ་སྐོར་མཛེས་ལྗོངས་མང་པོ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཁུལ་གྱིས་མཛེས་ལྗོངས་སྟེགས་བུ་འཛུགས་སྐྲུན་བྱས་པ་ལ་ཤུགས་སྣོན་རྒྱབ་པ་དང་། བགྲོད་ལམ་གྱི་མཛེས་ལྗོངས་སྟེགས་བུ་དེ་ཡུལ་སྐོར་བའི་ཡིད་ཚིམ་ཚད་མཐོར་གཏོང་བའི་ལས་གྲྭར་བྱས་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་བ་རེད།

    ཉི་ཤར་ནས་མཐའ་ཆུ་བར་གྱི་གཞུང་ལམ་གྱི་རིམ་པ་དམའ་བ་དང་འགྲོ་སྐྱོད་ནུས་པ་ཞན་པས་ཕྱིར་སྐྱོད་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་པ་དང་བདེ་ཆེན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད་པ་རེད། 2017ལོའི་ཟླ9པར་ཉི་ཤར་ནས་མཐའ་ཆུ་བར་གྱི་གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་བདེ་བླག་ངང་ལས་མཇུག་འགྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་པ། འཛུགས་སྐྲུན་བྱེད་རིང་བདེ་ཆེན་ཁུལ་གྱིས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་འདུ་ཤེས་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་ཀ་ཁྲོད་འདྲེས་པ་དང་། གཞུང་ལམ་རང་གི་ཁྱད་ཆོས་དང་ལམ་རྒྱུད་ཀྱི་རང་བྱུང་ཡུལ་ལྗོངས་དང་དམངས་སྲོལ་གོམས་གཤིས་ལ་ཟུང་འབྲེལ་བྱས་པ། དངོས་གནས་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལམ་ཁོངས་སྐྱེ་ཁམས་མ་ལག་སྐྲུན་པ་མ་ཟད། མི་གཤིས་ཅན་གྱི་ཞབས་ཞུའི་སྒྲིག་བཀོད་དང་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་སོགས་ཀྱི་ནང་དོན་མང་དུ་གཏོང་ཡོད། 

    ལམ་རྒྱུད་དུ་སེམས་ཀྱི་ཉི་ཟླའི་ཐང་སྨད་ཆུ་བོ་དང་ཅང་ཏུང་ལ་སོགས་མཛེས་ལྗོངས་དང་ངལ་གསོའི་ནུས་པ་ལྡན་པའི་རིམ་པ་གསུམ་ཅན་གྱི་སྡོད་ཁུལ་སྐྲུན་པ་དང་ འབའ་ལུང་མཐའ་ཆུའི་ཀླུ་ཆུ་སོགས་ཀྱི་མཛེས་ལྗོངས་དང་ངལ་གསོ། གསང་སྤྱོད་ཁང་། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས་ཉོ་འཚོང་སོགས་ཀྱི་ནུས་པ་ལྡན་པའི་སྡོད་ཁུལ་ཁག་གསུམ་བཞེངས་སྐྲུན་བྱས་པ། དེ་མིན་ལམ་རྒྱུད་ཀྱི་རང་བྱུང་ཡུལ་ལྗོངས་དང་དམངས་སྲོལ་གོམས་གཤིས་སོགས་སྐྱེ་ལྡན་ཕྲེང་སྦྲེལ་བྱས་ནས་གཞུང་ལམ་གྱི་ཞབས་ཞུ་ཆུ་ཚད་དང་རླངས་འཁོར་བཏང་མཁན་གྱི་ཕྱིར་སྐྱོད་བདེ་ཚད་ནུས་ལྡན་ངང་མཐོར་གཏོང་བ་རེད།

            མིག་སྔའི་བར་དུ། མཛེས་སྡུག་གི་གཞུང་ལམ་འཛུགས་སྐྲུན་སྤྱི་ལེ་420.8ལེགས་གྲུབ་བྱུང་བ་དང་། རླངས་འཁོར་བཞག་ས་དང་ཚོང་ལས་ཞབས་ཞུ། ངལ་གསོ་སོགས་ནུས་པ་བདུན་གཞི་གཅིག་ཏུ་ཆགས་པའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་གཉིས་བསྐྲུན་ཚར་བ་དང་  སྤྱིར་བཏང་གི་ཞབས་ཞུའི་ས་ཚིགས་ཀྱི་ལྗོངས་གཟིགས་སྟེགས་བུ་14བསྐྲུན་ཚར་བ་དང་ད་དུང་13སྐྲུན་བཞིན་ཡོད་པ་རེད།