ནག་ཆུ་ཆུ་ངོགས་ཀྱི་མཛེས་ལྗོངས་རིམ་སྤོར་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་སླར་གསོ་བྱེད་བཞིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཟླ་3པའི་ཚེས་12ཉིན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནག་ཆུ་(མཁའ་འགྲོ་ལམ་ཆེན་ནས་ཤམ་བྷ་ལ་ལམ་ཆེན་བར)ཆུ་ངོགས་ཀྱི་མཛེས་ལྗོངས་རིམ་སྤོར་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་བཞིན་ཡོད་ལ། སྔོན་དཔག་བྱས་ན་2020ལོའི་ཟླ་5པའི་ཟླ་མཇུག་ཏུ་ལེགས་གྲུབ་བྱུང་རྒྱུ། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་998.37བཏང་ཡོད།  རིམ་སྤོར་སྒྱུར་བཀོད་བྱས་པའི་ཆུ་ལམ་གྱི་རིང་ཚད་སྨི་571.55ཟིན་པ་དང་སྤྱིའི་ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་28567.8ཟིན་པ།  དེའི་ནང་སྔོ་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ་3851.7དང་། ཆུ་ལམ་གྱི་ཆུ་སྨི་གྲུ་བཞི་མ་9588ཟིན་པ། ཐང་ཆེན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་2336.3ཟིན་པ། ཡུལ་སྐོར་ལམ་བུ་སྨི་གྲུ་བཞི་མ་1896.08ཟིན་པ། ཆུ་ཉེའི་ལས་སྟེགས་སྨི་གྲུ་བཞི་མ་529.7ཟིན་པ། མཛེས་ལྗོངས་ཀྱི་ཐོན་རྫས་ཆུང་གྲས་སྨི་གྲུ་བཞི་མ་75.34ཟིན་པ། ས་ངོས་སྙོམས་སྨི་གྲུབ་བཞི་མ་437.48ཟིན་པ། ཆར་རླུང་ཟམ་པ་གཉིས་སྨི་གྲུ་བཞི་མ་278.08ཟིན་པ། ཆུ་རགས་སྨི་30.67ཡོད་པ་རེད།