རྒྱལ་སྤྱིའི་ཏོག་གསར་གློ་ཚད་ཀྱི་གནས་ཚུལ་ཛ་དྲག་པོ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-17   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

    ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་3པའི་ཚེས་16ཉིན་གྱི་ཆུ་ཚོད་9པ་བར། ཀྲུང་གོ་ཕུད་པའི་རྒྱལ་ཁབ་དང་ས་ཁུལ་151ལ་རིམ་རྩིས་ལྟར་ན། ནད་གཞི་གཏན་འཁེལ་བའི་ནད་དཔེ་86485དང་། ཚེ་འདས་ནད་དཔེ་3287ཐོན་འདུག 

    འདིའི་ནང་ནས་དབྱི་ཐ་ལིར་གཏན་འཁེལ་བའི་ནད་དཔེ་24747དང་ཚེ་འདས་ནད་དཔེ་1809དང་།  

    དབྱི་རན་དུ་གཏན་འཁེལ་བའི་ནད་དཔེ་13938དང་ཚེ་འདས་ནད་དཔེ་724 

    ཧན་གོར་གཏན་འཁེལ་བའི་ནད་དཔེ་8236དང་ཚེ་འདས་ནད་དཔེ་75 

    སི་ཕེན་དུ་གཏན་འཁེལ་བའི་ནད་དཔེ་7753དང་ཚེ་འདས་ནད་དཔེ་288  

    འཇར་མན་དུ་གཏན་འཁེལ་བའི་ནད་དཔེ་5813དང་ཚེ་འདས་ནད་དཔེ་13 

    ཧྥ་རན་སིར་གཏན་འཁེལ་བའི་ནད་དཔེ་5423དང་ཚེ་འདས་ནད་དཔེ་127 

    ཨ་རིར་གཏན་འཁེལ་བའི་ནད་དཔེ་3499དང་ཚེ་འདས་ནད་དཔེ་62 

    སུའེ་ཙེར་དུ་གཏན་འཁེལ་བའི་ནད་དཔེ་1563དང་ཚེ་འདས་ནད་དཔེ་13 

    དབྱིན་ཇིར་གཏན་འཁེལ་བའི་ནད་དཔེ་1372དང་ཚེ་འདས་ནད་དཔེ་35ཐོན་འདུག 

    གཞན་ཡང་། “ཕ་ལམ་ཀོང་ཇོ”རྟགས་ཅན་གྱི་གྲུ་གཟིངས་སུ་ནད་གཞི་གཏན་འཁེལ་བའི་ནད་དཔེ་697ཐོན་འདུག དེར་བརྟེན། རྒྱལ་སྤྱིའི་ཏོག་གསར་གློ་ཚད་ཀྱི་གནས་ཚུལ་ཛ་དྲག་པོ་ཡོད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དཀའ་ཚེགས་ཆེན་པོ་འདུག