སེམས་ཀྱི་ཉི་ཟླའི་སྣོད་བཅུད་ཀྱི་བཀོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    དཔྱིད་འགོ་ཚེས་མ་ཐག  ཤེས་མེད་ཚོར་མེད་ངང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲི་ཆུའི་འགྲམ་རྒྱུད་དུ་དཔྱིད་ཀྱི་དཔལ་ཡོན་རྒྱས་ཡོད་ལ། མཐོང་ལམ་རིང་མོ་དེ་དཔྱིད་ཀའི་སྣང་བ་ཞིག་གིས་ཁེངས་འདུག

    ཁ་བ་དྲོད་ཀྱིས་ཞུ། ནམ་ཟླ་དཔྱིད་ཀ་སླེབས། མཐོ་སྒང་གི་ནགས་ཀློང་ལ་དྲོད་འཇམ་གྱི་དཔྱིད་རླུང་ལྡང་བ་ན་རི་ལུང་ཀུན་དུ་སྟག་མའི་མེ་ཏོག་རྣམ་པར་བཞད། འདིར་ལྟར་དཔྱིད་ཀྱི་སྣང་བ་དྲོད་མོ་དང་བསྡེབས་ནས་སེམས་ཀྱི་ཉི་ཟླའི་མཛེས་སྡུག་ཡོད་ཚད་རི་ལུང་རྒྱན་པའི་སྟག་མའི་མེ་ཏོག་ཁྲོད་འཐིམ་ལ། སྟག་མའི་མེ་ཏོག་ལ་དབང་སོང་། སྣང་བ་འདིས་ང་ཚོར་རེ་བ་འཁྱེར་ཡོང་ལ། ཉི་མའི་འོད་སྣང་རུམ་པའི་བདེ་བ་འཁྱེར་ཡོང་།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དལ་གྱིས་འབབ་པའི་འབྲི་ཆུ་ནི་མཁའ་ནས་ལྷུང་བའི་དར་གོས་ཡུག་གཅིག་དང་འདྲ་བར། གྲོང་ཚོ་དང་ས་ཞིང་གི་བར་བརྒྱུད་དེ་རྒྱང་དུ་བཞུར་བཞིན་ཡོད།

    ཁྱད་འཕགས་ཀྱི་ས་དབྱིབས་ཀྱིས་བདེ་ཆེན་མཐོ་སྒང་གི་མཐའ་གངས་རིས་བསྐོར་ཞིང་ནང་མཚོ་མོ་འཁྱིལ་བའི་རང་བྱུང་གི་ངོ་མཚར་མཛེས་ལྗོངས་འདི་གྲུབ་ལ། རང་བྱུང་གི་ཁམས་ཆེན་པོ་ཡང་གནས་འདི་ནས་གངས་རི་དང་གྲོག་རོང་། སྔོ་ལྗང་གི་སྤང་ལྗོངས། མེ་ལོང་ལྟ་བུའི་མཚོ་མོ། མུ་མཐའ་མེད་པའི་ནགས་ཀློང་། རྩ་ཆེན་གྱི་རི་སྐྱེས་སྲོག་ཆགས་སོགས་ལ་འཕྲུལ་ནས་ཡུལ་འདིའི་སྣོད་དུ་ཆགས་ཡོད།

    བདེ་ཆེན་ནི་མི་ཡུལ་དུ་མཐོང་དཀོན་པའི་སྐྱེ་ཁམས་ཁོར་ཡུག་དང་མི་རིགས་སྲོལ་རྒྱུན་རིག་གནས་བདག་སྐྱོང་བྱེད་པ་བཟང་བའི་དག་ཞིང་ཞིག་ཡིན་ལ། མཐོ་སྒང་གི་མེ་ཏོག་ལྡུམ་ར་དང་སྐྱེ་དངོས་སྣ་མང་གི་རྒྱལ་ཁམས་ཆེན་པོ་ཞེས་པའི་བསྟོད་པའི་མཚན་སྙན་ཡོད།