ཚོང་དཔོན་གསེར་རིའི་འགོ་ལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


གཞས་བ་དགུང་སྔོན་མཐོ་པོ།

ཚོང་དཔོན་གསེར་རིའི་འགོ་ལ།

གསེར་མཚོ་སྒོར་མོ་ཁྱབ་བྱུང་།

གསེར་མཚོ་སྒོར་མོ་ནང་ལ།

གསེར་ཤིང་ལྗོན་པ་འཁྲུངས་བྱུང་།

གསེར་ཤིང་ལྗོན་པའི་འགོ་ལ།

གསེར་བྱ་མཛེས་པོ་ཆགས་བྱུང་།

གསེར་བྱ་མཛེས་པོ་ཆགས་ས།

ན་ནིང་ཨེ་འཛོམས་བསམ་བྱུང་།

ན་ནིང་མ་འཛོམས་མ་འཕྲོད།

ཨ་ལོ་ལས་ཀྱིས་འཛོམས་བྱུང་།

འཛོམས་ས་འཕྲོད་ས་གཉིས་ཀ

དགའ་བའི་ཞབས་བྲོ་རྒྱབ་ཤོག

སྐྱིད་པའི་རྡོག་སྟབས་འགྲིག་ཤོག

ཚོང་དཔོན་དངུལ་རིའི་འགོ་ལ།

དངུལ་མཚོ་སྒོར་མོ་ཁྱབ་བྱུང་།

དངུལ་མཚོ་སྒོར་མོ་ནང་ལ།

དངུལ་ཤིང་ལྗོན་ཉམས་འཁྲུངས་བྱུང་།

དངུལ་ཤིང་ལྗོན་ཉམས་འགོ་ལ།

དངུལ་བྱ་མཛེས་པོ་ཆགས་བྱུང་།

དངུལ་བྱ་མཛེས་པོ་ཆགས་ས།

ན་ནིང་ཨེ་འཛོམས་བསམ་བྱུང་།

ན་ནིང་མི་འཛོམས་མི་འཕྲོད།

ཨ་ལོ་ལས་ཀྱིས་འཛོམས་བྱུང་།

འཛོམས་ས་འཕྲོད་ས་གཉིས་ཀ

དགའ་བའི་ཞབས་བྲོ་རྒྱབ་ཤོག

སྐྱིད་པའི་རྡོག་སྟབས་འགྲིག་ཤོག